མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་དྲ་རྒྱ་ནས་ཚོང་ཟོག་ཉོ་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་
དེ་ཉིད་ཁེ་ལས་ཀྱི་ཡིད་རྟོན་ཡིག་ཚགས་ནང་འཇུག་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། དྲ་རྒྱ་ནས་ཚོང་ཟོག་ཉོ་ཚོང་གི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་དྲ་རྒྱའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་ཆེད་ཉེ་ཆར་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་《དྲ་རྒྱ་ནས་ཚོང་ཟོག་ཉོ་ཚོང་གི་སྤུས་ཚད་འཐེན་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་(བསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་བྱས་པ་རེད།
          བསམ་འཆར་མ་ཟིན་ནང་དྲ་རྒྱའི་འཐེན་བཤེར་མ་དཔེ་དེ་མ་དཔེ་ཉོ་མཁན་གྱིས་འཐེན་བཤེར་ལག་བསྟར་ཇུས་གཞིའི་བླང་བྱ་གཞིར་བཟུང་དྲ་རྒྱའི་ཐོག་ནས་ཉོ་ཚོང་བྱ་ཐབས་བརྒྱུད་མ་དཔེ་ཉོ་བ་དང་མ་དཔེ་གྲབས་ཉར་བྱེད་དགོས། འཐེན་བཤེར་ལག་བསྟར་ཇུས་གཞིའི་ནང་མ་དཔེ་ཉོ་མཁན་དང་དེ་བཞིན་དངུལ་སྤྲོད་རྩིས་ཐོ་དང་། ཐོ་འགོད་རྩིས་ཨང་། ཚོང་ཟོག་རྩིས་ལེན་ས་གནས། འབྲེལ་གཏུག་བྱ་ཐབས། འཐེན་བཤེར་ཚོང་ཟོག་གི་ཚད་གཞི་དང་བཟོ་དབྱིབས་དང་དེ་བཞིན་གྲངས་ཚད་སོགས་གཏན་འཁེལ་བྱེད་དགོས། མ་དཔེ་འབྱོར་རྗེས་མ་དཔེ་ཉོ་མཁན་དང་། ཞིབ་བཤེར་བྱེད་མཁན་ཚན་པའི་འཐེན་བཤེར་མི་སྣ། བཟོ་ཚོང་སྲིད་འཛིན་དོ་དམ་གྱི་ཁྲིམས་འཛིན་མི་སྣ་བཅས་ཀྱིས་ཐུན་མོང་ཐོག་སྦྲག་བསྐུར་ཐུམ་སྒྲིལ་ཁ་ཕྱེ་བ་དང་། འཐེན་བཤེར། མ་དཔེ་དང་གྲབས་ཉར་མ་དཔེ་བཅས་སོ་སོར་བཀག་སྡོམ་བཅས་བྱེད་དགོས་པ་དང་ཆབས་ཅིག་དྲ་རྒྱའི་ཚོང་ཟོག་གཉེར་སྐྱོང་བར་བརྡ་ཐོ་གཏོང་དགོས། ག་པ་ཕྱོགས་ཀྱི་ཉོ་ཚོང་ལས་སྟེགས་བརྒྱུད་ཉོས་པ་ཡིན་ཚེ་ག་པ་ཕྱོགས་ཀྱི་ཉོ་ཚོང་ལས་སྟེགས་གཉེར་སྐྱོང་བས་གཅིག་མཚུངས་ཀྱིས་གཞོགས་འདེགས་ངང་དྲ་རྒྱའི་ཚོང་ཟོག་གཉེར་སྐྱོང་བར་བརྡ་ཐོ་གཏོང་དགོས་པ་བཅས་བསྟན་ཡོད།
          བསམ་འཆར་མ་ཟིན་ནང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་སྤྱི་ཚོགས་སུ་དྲ་རྒྱའི་འཐེན་བཤེར་མཇུག་འབྲས་ཁྲིམས་ལྟར་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས། དྲ་རྒྱའི་འཐེན་བཤེར་བྱས་པ་མ་ཟད་ཚད་གཞི་མི་ལོན་པའི་ཚོང་ཟོག་ཁྲིམས་ལྟར་གཏན་འཁེལ་བྱས་རིགས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་འཐེན་བཤེར་བྱས་པའི་དྲ་རྒྱའི་ཚོང་ཟོག་གཉེར་སྐྱོང་བར་འཕྲལ་མར་འཚོང་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་དང་། འཛད་སྤྱོད་པས་ཚོང་ཟོག་ཕྱིར་སློག་བྱེད་རིགས་གཉེར་སྐྱོང་བས་ཚོང་ཟོག་ཕྱིར་སློག་གི་འགན་འཁུར་དགོས་པ་ཁ་གསལ་བཟོས་ཡོད།
         བསམ་འཆར་མ་ཟིན་ནང་བཟོ་ཚོང་སྡེ་ཚན་གྱིས་དྲ་རྒྱའི་ཚོང་ཟོག་གཉེར་སྐྱོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲ་རྒྱའི་ཚོང་ཟོག་གཉེར་སྐྱོང་བས་སོ་སོའི་དྲ་ཐོག་དང་དྲ་ཐོག་མིན་པ་བརྒྱུད་ནས་ཚད་གཞི་མི་ལོན་པའི་ཚོང་ཟོག་ཕྱིར་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། དྲ་རྒྱའི་འཐེན་བཤེར་ལས་དོན་སྤེལ་རིང་ཤེས་རྟོགས་བྱུང་བའི་རྫུས་མ་དང་དབང་གནོད་ཚོང་ཟོག་ཕྱིར་ཚོང་དང་རྫུས་མ་དྲིལ་བསྒྲགས་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཞན་དང་དེ་བཞིན་བཟོ་ཚོང་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ངོ་རྒོལ་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ཐད་བཟོ་ཚོང་སྡེ་ཚན་གྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། སྲིད་འཛིན་ཆད་གཅོད་ཀྱི་མཇུག་འབྲས་དེ་ཁེ་ལས་ཀྱི་ཡིད་རྟོན་ཡིག་ཚགས་ནང་ཁྲིམས་ལྟར་བཅུག་ནས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་སོགས་བརྒྱུད་དེ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་དགོས་པ་བཏོན་ཡོད།