མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མ་ལ་མ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་17ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མ་ལ་མ་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མ་ལ་མ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཧྥིའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་ནས་བཙུགས་པའི་འགོ་ཚུགས་ལོ་ཡིན། ང་ཚོས་ཧྥི་ཅི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། གྲོས་ཚོགས། སྲིད་ཏང་། ས་གནས་བཅས་དབར་གྱི་འགྲོ་འོང་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་སྐྱོང་སྟངས་ཐད་ཉམས་མྱོང་སྤེལ་རེས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྥིའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་དང་མཉམ་དུ་ཞིང་ལས་ལག་རྩལ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥི་ཅི་རུ་མ་འཇོག་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་ཕྱོགས་གཉིས་པོའི་ཚོང་དོན་གྲོས་ཆོད་ལ་ཞིབ་བསྡུར་དང་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་གཞོལ་ནས་ཧྥི་ཅིའི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་བ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་དང་། གནམ་གཤིས་འགྱུར་ལྡོག 2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་སོགས་གནད་དོན་གལ་ཆེན་ཐད་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         མུའུ་པའེ་ཉི་མ་ལ་མ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་ན་ནིང་ཧྥི་ཅི་རུ་རྒྱལ་དོན་འཚམས་འདྲི་གནང་བ་དེས་ཧྥི་ཀྲུང་གི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱས་ཡོད། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། ཧྥི་ཀྲུང་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་དུས་སུ་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་མུ་མཐུད་ཐོབ་རྒྱུའི་རེ་བ་ཡོད། ཧྥི་ཅི་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།