མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་70པའི་སྤྱིར་བཏང་རང་
བཞིན་གྱི་རྩོད་གླེང་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་30ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་70པའི་སྤྱིར་བཏང་རང་
བཞིན་གྱི་རྩོད་གླེང་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།

          ཟླ་9ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཉིའུ་གཡོད་གྲོང་ཁྱེར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་70པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླིང་ལ་ཞུགས་པ་མ་ཟད་ཁ་བྱང་ལ་《ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་གྱི་གྲོགས་པོ་གསར་པ་བསྒྲིགས་ཏེ་མིའི་རིགས་བདེ་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་དགོས་》ཞེས་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞིས་ཅིན་ཕིང་གིས་ཞི་བདེ་དང་། འཕེལ་རྒྱས། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་བླ་ན་མེད་པའང་ཡིན། དེང་དུས་ཀྱི་འཛམ་གླིང་དུ་རྒྱལ་ཁབ་ཁག་ཕན་ཚུན་བརྟེན་གནས་དང་བདག་གཞན་མཉམ་བརྗེ་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་དེ་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་མཉམ་ལས་གཉིས་ཕན་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་དགོས་པ་དང་། མིའི་རིགས་བདེ་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།