མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་ཞིང་
འབྲེལ་དབུལ་སྐྱོར་མ་དངུལ་ཆ་སྙོམས་བགོ་བཤའ་རྒྱག་རྒྱུ་
བཀག་འགོག་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཇི་ལྟར་བྱས་ནས་དབུལ་སྐྱོར་མ་དངུལ་ཆ་སྙོམས་བགོ་བཤའ་རྒྱག་པའི་གནད་དོན་དེ་སེལ་དགོས་སམ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ད་ཆ་དབུལ་སྒྲོལ་འགག་སྒྲོལ་ཐད་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད་མོད། འོན་ཀྱང་འགག་རྩ་ནི་བསམ་ཕྱོགས་གསལ་པོ་དགོས་པ་དང་། སྒྲུབ་པའི་བྱ་བ་གནད་ལ་འཁེལ་བ་ཞིག་དགོས་པ། དབུལ་པོ་རྣམས་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བཅས་དགོས་པ་ལས་ཆ་སྙོམས་བགོ་བཤའ་རྒྱག་རྒྱུ་དེ་མ་ཡིན་ཞེས་གསུངས་པ་མ་ཟད། རྒྱལ་ཁབ་ཀྱིས་ཞིང་འབྲེལ་དབུལ་སྐྱོར་མ་དངུལ་འཚོལ་ཞིབ་དང་བསྡུ་སྒྲིལ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
           ལིའུ་ཡུང་ཕུའུ་ཡིས“མ་དངུལ་བསྡུ་སྒྲིལ་བྱ་རྒྱུ་དེ་ནི་ཀྲུང་དབྱང་གིས་གཏན་འཁེལ་བྱས་ཟིན་པ་ཞིག་ཡིན་པས་ད་ཆ་ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་བྱེད་བཞིན་ཡོད། ས་གནས་ཁག་ལ་ལག་ལེན་བསྟར་ཐབས་མི་འདྲ་བ་ཡོད་མོད། འོན་ཀྱང་ཆེས་གཞི་རྩ་ནི་རྒྱལ་ཁབ་རིམ་པའི་ངོས་ནས་མཐོ་རིམ་ཇུས་འགོད་བྱེད་དགོས་པ་དེ་རེད། དབུལ་སྐྱོར་ཆེད་སྤྱོད་མ་དངུལ་ཕུད་ད་དུང་ཞིང་འབྲེལ་མ་དངུལ་མང་དག་ཅིག་ཀྱང་ཤང་གྲོང་དང་། གྲོང་གསེབ། ཞིང་པ་བཅས་ལ་བེད་སྤྱོད་བྱེད་བཞིན་ཡོད་རུང་སྡེ་ཚན་ཁག་ལ་ཁ་ཐོར་དུ་གནས་པའི་མ་དངུལ་དག་སོ་སོའི་དོན་དངོས་ལ་གཞིགས་ཏེ་བེད་སྤྱོད་པ་ལས་གཅིག་སྡུད་བྱས་མེད”ཅེས་གསུངས་པ་རེད།
         ལིའུ་ཡུང་ཕུའུ་ཡིས་རང་རྒྱལ་གྱི་སྤྱོད་ཁུངས་སྣ་ཚོགས་ཀྱི་ཞིང་འབྲེལ་མ་དངུལ་གྱི་བསྡོམས་འབོར་དེ་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་གྱི་ལྡབ་10ཙམ་ཡིན་པ་རེད། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཐད་སྤྱད་པའི་མ་དངུལ་ཁག་གཅིག་བསྡུ་སྒྲིལ་མ་ཐུབ་པ་ཕུད་ད་དུང་ཕྱེད་ཀ་ནི་བསྡུ་སྒྲིལ་བྱས་ནས་སྤྱོད་ཆོག་པ་ཞིག་རེད་ཅེས་པ་ནི“དབུལ་སྐྱོར་ཆེད་སྤྱོད་མ་དངུལ་ལས་ལྡབ་ལྔ་ཡི་མང་བ་ཡོད་པའི་མ་དངུལ་གནད་སྨིན་དབུལ་སྐྱོར་ནང་ཞུགས་ཆོག” ཅེས་པ་དེ་ཡིན་པ་དང་གོམ་སྟབས་རྗེས་མར་རྒྱལ་ཁབ་རིམ་པའི་ངོས་ནས་བྱ་ཐབས་གཅིག་བཏོན་ཏེ་མ་དངུལ་དེ་དག་བསྡུ་སྒྲིལ་བྱ་རྒྱུ་ཡིན་པ་ནི་ལས་དོན་དེ་སྒྲུབ་པར་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་པས་དཀའ་ལས་ཆེ་ཙམ་ཡོད་མོད། འོན་ཀྱང་སྤྱིའི་བསམ་ཚུལ་ནི་དབུལ་པོའི་ས་ཁུལ་འཕེལ་རྒྱས་དང་མང་ཚོགས་དབུལ་སྒྲོལ་ཡོང་བ་བྱེད་པར་ཧ་ཅང་སྒྲུབ་དགོས་ངེས་ཀྱི་ལས་དོན་ཞིག་ཡིན་པས་གཞི་རིམ་གྱི་འཐབ་ས་དང་པོའི་ཚན་པས་དབུལ་སྒྲོལ་གྱི་འཆར་འགོད་ཁྲིད་སྟོན་དུ་བྱས་ཏེ་ཞིང་འབྲེལ་མ་དངུལ་དེ་དག་བསྡུ་སྒྲིལ་བྱེད་དགོས་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་དབུལ་སྒྲོལ་མ་དངུལ་ཡང་རྫོང་རིམ་པས་སྤྱི་འདོམས་བསམ་གཞིག་བྱས་ནས་བསྡུ་སྒྲིལ་བྱེད་དགོས་པ་དེ་རེད”ཅེས་གསུངས་པ་རེད།
          ལིའུ་ཡུང་ཕུའུ་ཡིས་དབུལ་སྒྲོལ་ལས་དོན་སྤེལ་རྒྱུ་ཇི་ཙམ་གྱི་མཇུག་ཏུ་ལུས་ན་དེ་ཙམ་གྱིས་དཀའ་ལས་ཁག་པ་ཡོད། འབྱུང་འགྱུར་ལོ་འགའི་ནང་དབུལ་པོའི་མི་འབོར་ལྷག་མ་རྣམས་དབུལ་སྒྲོལ་བྱེད་ཁག་ཤོས་ཡིན་པ་དང་དབུལ་སྒྲོལ་བྱེད་ཁག་ཏུ་འགྲོ་རྒྱུ་ཡིན་མོད། འོན་ཀྱང་ལས་དོན་སྤེལ་ཤུགས་ཀྱང་ཇེ་ཆེར་གཏོང་རྒྱུ་རེད། ཉེ་བའི་ལོ་ཤས་ནང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་དབུལ་སྒྲོལ་ཁྲོད་ཞུགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་ཀྱང་ཆེས་རྒྱ་ཆེའི་སྤྱི་ཚོགས་སྐུལ་སློང་བྱས་ནས་དབུལ་སྐྱོར་བྱ་ཤུགས་དེ་སྔའི“རྣམ་པ་རྙིང་པ་གསུམ”ནས་ད་ཆའི“རྣམ་པ་གསར་པ་གསུམ”བར་རྒྱ་ཆེར་བཏང་ཡོད། དེ་སྔ་གཙོ་བོ་ཏང་སྲིད་ལས་ཁུངས་ཀྱིས་གནས་གཏན་འཁེལ་གྱིས་དབུལ་སྐྱོར་དང་། ཤར་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་ལ་དབུལ་སྐྱོར་བྱེད་རོགས་བྱེད་པ། བཅིངས་འགྲོལ་དམག་དང་དྲག་ཆས་དཔུང་སྡེས་རོགས་སྐྱོར་བྱས་པ་སོགས་རེད། དེའི་ནང་སྤྱི་ཚོགས་ཀྱི་དབུལ་སྐྱོར་ཡོད་རུང་། ཏང་དང་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་དབུལ་སྐྱོར་བྱ་སྤྱོད་རེད། ད་ཆ་དམངས་གཉེར་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་དབུལ་སྒྲོལ་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོས་རྣམ་པ་གསུམ་པོ་དེར“རྣམ་པ་གསར་པ་གསུམ”ཞེས་བརྗོད་ཀྱི་ཡོད་ཅེས་གསུངས་པ་རེད།