མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས“ལོ་ལྔ་ཚན་བཅུ་གསུམ་པའི”རིང“ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་
སློབ་མ་ཚང་མར་རོགས་སྐྱོར་བྱ་རྒྱུ”མངོན་འགྱུར་ཧུར་ཐག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཏུའུ་ཡུས་པོས་རང་རྒྱལ་གྱི་སློབ་མའི་རོགས་སྐྱོར་ལས་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་སློབ་མའི་རོགས་སྐྱོར་ལས་དོན་ཐད“ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་ཚང་མར་རོགས་སྐྱོར་བྱ་རྒྱུ”དམིགས་ཡུལ་དུ་བྱས་ནས་རོགས་སྐྱོར་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སློབ་མར་རོགས་སྐྱོར་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
         ཏུའུ་ཡུས་པོས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་ཙག་ཙིག་རྩ་ཆག་གཏོང་རྒྱུར་གོམ་པ་རིམ་བགྲོད་ངང་དབྱེ་ནས་སྐུལ་མ་བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་མཐོ་འབྲིང་དཀྱུས་མའི་སློབ་མར་སློབ་ཡོན་རྩག་རྩིག་རྩ་ཆག་གཏོང་རྒྱུ་སྔོན་ལ་ལག་བསྟར་བྱེད་པ་དང་སློབ་ཞུགས་གོང་གི་སློབ་གསོའི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འོས་འགན་སློབ་གསོའི“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་བཟོས་པ་རེད། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་དབུལ་སྐྱོར་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མའི་(བྱིས་པ)ཆ་འཕྲིན་ཁྱོན་ཡོངས་དང་ཡང་དག་ངང་ཁོང་དུ་ཆུད་པ་བྱེད་དགོས་པ་དང་སྦྲགས། སློབ་མ་(བྱིས་པ)དེ་དག་ཚང་མ་རོགས་སྐྱོར་བྱ་ཡུལ་ཁྱབ་ཁོངས་སུ་བཅུག་ནས“གཅིག་ཀྱང་མ་ལུས་པའི”འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         དེ་དང་ཆབས་ཅིག རོགས་སྐྱོར་བྱ་ཐབས་སྔར་བས་འཐུས་ཚང་དུ་བཏང་ནས“གནད་སྨིན་རོགས་སྐྱོར”མངོན་འགྱུར་ཧུར་ཐག་བྱེད་དགོས། ཏུའུ་ཡུས་པོས་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས“གནད་སྨིན་རོགས་སྐྱོར”གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་སློབ་མར་རོགས་སྐྱོར་བྱེད་པའི“གནད་སྨིན་ཚད་གཞི”རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། གཅིག་ནས“སྔོན་རྩིས་བགོ་བཤའི”ཐད་དེ་བས་གནད་སྨིན་ཡོང་བ་བྱེད་དགོས་ཤིང་། རིམ་ཁག་སློབ་གསོ་སྡེ་ཚན་གྱིས་ས་ཁུལ་དེ་གའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མའི་འབྱུང་རྩ་གསལ་རྟོགས་ཐུབ་པ་བྱས་ནས་སློབ་མ་དབུལ་པོའི་ཁྱབ་སྟངས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལུགས་མཐུན་གྱི་རོགས་སྐྱོར་མ་དངུལ་བགོ་བཤའ་རྒྱག་པའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ“ཆ་སྙོམས་བགོ་བཤའ་རྒྱག་པའི”སྣང་ཚུལ་ཐོན་རྒྱུ་བཀག་འགོག་བྱེད་དགོས་པ་དང་། གཉིས་ནས“རོགས་སྐྱོར་བྱ་ཡུལ”ཐད་དེ་བས་གནད་སྨིན་ཡོང་བ་བྱེད་དགོས་ཤིང་། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་གཏན་འཁེལ་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་བ་དང་གཏན་འཁེལ་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས“རེས་སྐོར་གྱིས་རོགས་སྐྱོར་ཐོབ་པའི”སྣང་ཚུལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས“རོགས་སྐྱོར་བྱེད་ཤུགས”ཐད་དེ་བས་གནད་སྨིན་ཡོང་བ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ནང་གཏན་འཁེལ་ཁ་གསལ་བྱས་པ་ཕུད་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་རོགས་སྐྱོར་ཐོབ་པའི་སློབ་མ་(བྱིས་པ)དབུལ་ཚད་ལ་གཞིགས་ནས་རིམ་པ་དབྱེ་སྟེ་ཁ་གསབ་མ་དངུལ་སྤྲོད་པ་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མར་(བྱིས་པ)རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“ཆ་སྙོམས་ཀྱིས་རོགས་སྐྱོར་བྱེད་པའི”སྣང་ཚུལ་ཐོན་རྒྱུ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།