མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་གི་གྲོས་གཞི་དང་གྲོས་འགོའི་བསྡོམས་རྩིས་ཁ་
གྲངས་ཐོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཚོགས་ཆེན་རིང་ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་ཚོགས་ཆུང་ལ་འཐུས་མི་ཚོགས་པ་དང་འཐུས་མིའི་མིང་མཉམ་འགོད་ཀྱི་གྲོས་གཞི་462འབྱོར་བའི་ནང་ཁྲིམས་འཛུགས་ཐད་ཀྱི་གྲོས་གཞི་442དང་། ལྟ་སྐུལ་ཐད་ཀྱི་གྲོས་གཞི་14 གཏན་འབེབས་དོན་ཚན་གཞན་དག་དང་འབྲེལ་བའི་གྲོས་གཞི་ཁ་ཤས་བཅས་ཚུད་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁུང་ཕིང་གིས་འཐུས་མི་ཚོས་བཏོན་པའི་གྲོས་གཞི་དེ་དག་གཙོ་བོ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བ། རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་གཏོང་ཏན་ཏིག་བྱེད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་དང་འབྲེལ་བ་ཡོད། ད་དུང་གྲོས་གཞི་ཁ་ཤས་ཀྱིས་རུལ་རྒོལ་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་བཏོན་ཡོད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཐུས་མིས་ཆེད་དོན་བརྟག་ཞིབ་དང་། གཟིགས་ཞིབ། བཞུགས་མོལ་འདྲི་རྟོགས་སོགས་བྱེད་སྟངས་བརྒྱུད་དེ་གྲོས་གཞི་314བཟོས་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་67.97%བཟུང་ཡོད། འཐུས་མིས་བཏོན་པའི་བཅའ་ཁྲིམས་གྲོས་གཞིའི་ནང་འཐུས་མི་མང་པོ་ཞིག་གིས་བཅའ་ཁྲིམས་འཆར་ཟིན་གྱི་ཡི་གེ་དང་དེ་བཞིན་གསལ་བཤད་མཉམ་དུ་བཏོན་ཡོད་པ་རེད།
         མིག་སྔར་ཚོགས་ཆེན་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་གིས་འཐུས་མིའི་གྲོས་གཞིར་དུས་ཚོད་དམ་འཛིན་གྱིས་རིམ་པས་དབྱེ་ཞིབ་བྱས་ནས་ཐག་གཅོད་བསམ་འཆར་རགས་ཙམ་ཞིབ་འཇུག་བྱས་ཏེ་བཏོན་རྗེས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་གོ་རིམ་གཞིར་བཟུང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་གནང་རྒྱུར་ཕུལ་ཡོད་པ་རེད།