མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ནན་ཉིང་དུ་འབྱོར་ནས་ཀོང་ཤིས་ཀྲོང་རིགས་
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

                 ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ནན་ཉིང་དུ་ཕེབས་ནས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་རེད། གནམ་ཐང་དུ་ཀྲུང་དབྱང་སྐུ་ཚབ་ཚོགས་པར་ཀོང་ཤིས་མི་རིགས་ཁག་གི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
              ཚེས་9ཉིན་ཀོང་ཤིས་ཀྱི་ས་གཞི་ཆེ་མོར་ཆར་སིམ་བབས་རྗེས་མཁའ་རླུང་དེ་བས་བསིལ་ཞིང་། ནན་ཉིང་ཝུའུ་ཤུས་རྒྱལ་སྤྱིའི་གནམ་ཐང་དུ་དགའ་སྤྲོ་རྟེན་འབྲེལ་གྱི་རྣམ་པས་ཁེངས་པ་དང་མང་ཚོགས་ཚོས་ལག་ཏུ་བཏེགས་པའི“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀོང་ཤིས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ”“སྤྲོ་སེམས་འཁོལ་བའི་ངང་ཀྲུང་དབྱང་སྐུ་ཚབ་ཚོགས་པར་དགའ་བསུ་ཞུ”“སྤྲོ་སེམས་འཁོལ་བའི་ངང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ”སོགས་ཀྱི་སྦྱར་ཡིག་དེ་བས་བཀྲག་མདངས་ལྡན།
             སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ལ་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བཞུགས་པའི་གནམ་གྲུ་དལ་གྱིས་གནམ་ཐང་དུ་བབས་ཤིང་། དེ་གར་སྒུག་བསྡད་པའི་མི་500ལྷག་ཙམ་གྱི་དགའ་བསུ་ཞུ་མཁན་དཔུང་ཁག་གིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་དང་དགའ་འབོད་ཞུས་པ་རེད། དབང་དབྱང་གནམ་གྲུའི་ནང་ནས་དོན་གནང་སྟེ་དགའ་བསུ་ཞུ་མཁན་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་རེད།
           ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པེའོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པ་ཐེར། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་བཅས་མཉམ་དུ་གནམ་གྲུའི་སྐས་འཛེག་ནས་བབས་ཤིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་དུས་གཅིག་ཏུ་འབྱོར་བ་རེད།
         ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཤིན་ཧྲེ་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲེན་ཝུའུ་སོགས་གནམ་ཐང་དུ་ཕེབས་བསུ་ཞུ་བར་སླེབས་ཡོད། འཁྲུག་ཆ་དོད་པའི་རྔ་སྒྲའི་ཁྲོད་མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
         དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མིའི་སྣེ་ཁྲིད་དེ་ཕེབས་བསུར་བཅར་མཁན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བར་བྱམས་བརྩེའི་ཕྱག་བཏང་གནང་བ་དང་འབྲེལ་ཕན་ཚུན་འཚམས་འདྲི་ཞུས་ཤིང་། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོར་དར་མདུད་གྲུ་གུ་དང་མེ་ཏོག་ཕུལ་བ་རེད།
        མེ་ཏོག་དང་སྔོ་ལྗང་གིས་བརྒྱན་པའི་ནན་ཉིང་གྲོང་ཁྱེར་དུ་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། གནམ་ཐང་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བཞུགས་སའི་གསོལ་མགྲོན་ཁང་བར་གྱི་ཁྲོམ་གཞུང་གཡས་གཡོན་གཉིས་སུ་འཕྲེད་འགེལ་སྦྱར་ཡིག་བཀལ་ནས་རྟེན་འབྲེལ་དང་དགའ་སྤྲོའི་རྣམ་པ་མཚོན་བཞིན་ཡོད།
        ཚེས་9ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྐུ་ཚབ་ཚོགས་པ་བཞུགས་པའི་གནམ་གྲུ་པེ་ཅིང་ནས་ནན་ཉིང་དུ་འཕུར་ཅིང་། སྐུ་ཚབ་ཚོགས་པ་མི་63ལས་གྲུབ་ཡོད་པ་དང་ཁོངས་མིའི་གྲས་སུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། རང་སྐྱོང་ལྗོངས་གཞན་བཞི་དང་ཀོང་ཤིས་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་སོགས་ཡོད་པ་རེད།

  
style="display:none;"