མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་ནན་བཤད་གནང་དོན། 
རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་རུལ་རྒོལ་ལས་དོན་
གྱི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་16ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་13ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། འགོ་འཛུགས་ས་གསར་པའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་སྒྲིག་བསྟར་ཁྲིམས་བསྟར་ལ་སྐུལ་མ་གཏོང་བ་དང་། ཁྲིམས་འཛིན་སྦྲེལ་མཐུད་ནུས་ལྡན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་འཕེལ་རྒྱས་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་མ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
             ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཁྲིམས་སྲོལ་ཁང་གི་ཀྲུའུ་རེན་མཱ་སེན་ཧྲུའུ་ཡིས་གནད་དོན་དེའི་ཐད་གསལ་འགྲེལ་གནང་བ་དང་འབྲེལ་དགོངས་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། 
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཁག་གིས་གསལ་འགྲེལ་ནན་ཏན་གསན་པ་དང་ཆབས་ཅིག་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་ཡང་གནང་བ་རེད། 
            ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་གསར་པ་དང་ཇི་ལྟར་འཚམ་པ་བྱེད་པའི་ཐད་ཐོག་མཐའ་བར་གསུམ་དུ་བསམ་གཞིག་དང་འཆར་འགོད་བྱེད་པ་དང་ཏང་ནང་ཁུལ་གྱི་ཕྱོགས་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། ལྟ་ཞིབ་ལས་ཁུངས་ཀྱི་འགན་ནུས་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དོན་དབང་ཆ་ལམ་ལུགས་ཀྱི་རླུང་ཙིར་བཅུག་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པར་གཅིག་སྡུད་གཅིག་གྱུར་དང་དབང་གྲགས་ནུས་ཆེའི་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་འཛུགས་དགོས་པ་བཏོན་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ལྷན་འཛུགས་རྒྱུ་དེ་ཏང་ཀྲུང་དབྱང་གི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཇུས་གཞིའི་དོན་ཚན་དང་པོར་བཞག་པ་རེད། དམིགས་ས་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་ཅིག་བསྐྲུན་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་བོར་བྱེད་པ་དང་ལྟ་སྐུལ་གཞན་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ལྟ་ཞིབ་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུ་དེ་རེད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་གི་དེང་རབས་ཅན་ལ་སྐུལ་མ་གཏོང་བའི་སྒྱུར་བཅོས་གལ་ཆེན་ཞིག་ཡིན་པས་སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད། 
            ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད་པ་དང་། སྤྱི་དོན་དབང་ཆར་ལྟ་སྐུལ་ཕྱོགས་ཡོངས་ལ་ཁྱབ་རྒྱུར་ཕན་ཐོགས་ཡོད་པ། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་རུལ་རྒོལ་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ཕན་ཐོགས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་གཞི་གསར་པའི་བཅོས་སྐྱོང་གི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མུར་མཛོག་བསྒྲིལ་ནས་ནུས་ཤུགས་ཡོད་རྒུས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་རྔམ་གྱི་ཕན་ནུས་གང་ལེགས་མངོན་པར་བྱས་ཏེ་རྩ་ལག་མཉམ་བཅོས་ཀྱི་ཕྱོགས་བསྡུས་ཕན་ནུས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་ཅེས་གསུངས། 
              ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐོག་མའི་བསམ་འདུན་ནི་སྤྱི་དོན་དབང་ཆ་དང་གཞུང་ལས་པའི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་ཤུགས་རྒྱག་སར་བྱས་ནས་སྤྱི་དོན་དབང་ཆའི་འཁོར་སྐྱོད་ཀྱི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་དང་། དབང་ཆ་དང་ལྟ་སྐུལ་གང་སར་ཁྱབ་པར་བྱེད་པ། དབང་ཆ་ལག་ལེན་བསྟར་བའི་རང་འདོད་བར་མཐོངས་ཆུང་དུ་གཏོང་བ་བཅས་བྱས་ཏེ་འཐུས་སྒོ་ཚང་བའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་དང་། ནུས་ལྡན་གྱི་དབང་ཆ་ཚོད་འཛིན་གྱི་ལམ་སྲོལ། དམ་ནན་གྱི་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དེ་རེད། རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་གཞུང་ལས་པས་རང་གི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཞིག་དང་ཕྱོགས་གང་ས་ཅི་ཐད་ནས་མཚམས་ཡོད་ཚོད་འཛིན་ཕོག་པ་ཞིག་ཡིན་པས། གང་དགའ་གང་འདོད་དང་རང་སྣང་གང་ཤར་གཏན་ནས་མི་བྱེད་པར་དབང་ཆ་དྲང་གཞག་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་བཅས་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ལྟ་སྐུལ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
             ཞི་ཅིན་ཕིང་གིས་དབང་ཆར་ལྟ་སྐུལ་བྱེད་པའི་དམིགས་ཡུལ་ནི་སྤྱི་དོན་དབང་ཆ་ལག་ལེན་ཡང་དག་བསྟར་བ་འགན་ལེན་བྱས་ཏེ་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྔར་བས་སྐུལ་འདེད་ཡག་པོ་གཏོང་ཆེད་རེད། དབང་ཆ་གང་བྱུང་དང་རང་སྣང་གང་ཤར་དུ་སྤྱད་དེ་ལས་འཛོལ་ཤོར་བའི་བྱེད་སྤྱོད་ལ་དོ་དམ་བྱེད་དགོས་ལ་དབང་ཆ་མི་སྤྱོད་པ་དང་དོར་ནས་ལས་འཛོལ་ཤོར་བའི་བྱེད་སྤྱོད་ལ་དོ་དམ་བྱས་ནས། འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། ལས་ཀ་ནར་འགྱངས་བྱེད་པ། ལས་ཀར་གཡོ་ཟོལ་བྱེད་པ་བཅས་ལ་བཅོས་སྒྲིག་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་ལས་འགན་ཁུར་ནས་བྱས་རྗེས་འཇོག་ཕོད་པའི་ལས་བྱེད་པ་དག་ལ་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱེད་པ། བསྙོན་འཛུགས་ཉེས་འགེལ་ཕོག་པའི་ལས་བྱེད་པ་དག་ལ་འཕྲལ་མར་དག་སེལ་བཅས་བྱས་ཏེ་བཟང་བསྟོད་ངན་སྨད་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས། 
              ཞི་ཅིན་ཕིང་གིས་དམིགས་ཚད་སྟོན་ཕྱོགས་དང་གནད་དོན་སྟོན་ཕྱོགས་སུ་མཐའ་འཁྱོངས་བྱས་ནས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་མུ་མཐུད་སྤེལ་ནས་རྩ་ལག་མཉམ་བཅོས་ཀྱི་སྒྱུར་བཅོས་དམིགས་ཚད་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་རྔམ་ཆེ་རུ་བཏང་ནས་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་རྡུང་བརྡ་ནན་པོ་རྒྱུན་ཆད་མེད་པར་སྒྲོག་དགོས། རུལ་སུངས་མི་རུང་བའི་རླུང་ཙི་དམ་དུ་བཏང་སྟེ་ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་། བྱ་བར་དོ་དམ། མིར་དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། རུལ་སུངས་བྱེད་མི་འདོད་པའི་རང་འགུལ་བསམ་པ་ཆེ་རུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཙུགས་ཏེ་སྤྱོད་གཙང་གཞུང་དྲང་ངང་སྲིད་དོན་སྒྲུབ་པའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་གཏོད་དགོས། ལས་ཀའི་འགན་ནུས་ཁོང་དུ་ཆུད་པར་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་ཁག་གི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀའི་གོ་རིམ་བསྡུ་སྒྲིལ་དང་ཚད་ལྡན་དུ་གཏོང་བ། ནང་ཁུལ་གྱི་དབང་ཆ་སྤྱོད་པའི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཅིག་གྱུར་གྱི་ཐབས་ཇུས་དང་གཞི་གཅིག་ཅན་གྱི་འཁོར་སྐྱོད་བྱེད་པའི་སྒྲིག་བསྟར་ཁྲིམས་བསྟར་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལེ་ལག་ཚང་བའི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་ཞིབ་བཅའ་ཁྲིམས་དང་ལེ་ལག་ཚང་བའི་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ་གོ་རིམ་ལྡན་ལ་ཆ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་དང་མཐུན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཁྲིམས་སྲོལ་མ་ལག་ཅིག་ཆགས་དགོས་པའི་ནན་བཤད་གནང་བ་རེད། 
              ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་དབང་ཆ་ཚད་ལྡན་དང་ཡང་དག་སྤྱོད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ངེས་པར་དུ་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་ཆབ་སྲིད་ཀྱི་བླང་བྱ་བློ་ལ་བརྟན་པོར་བཅངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་སྔ་བར་ཕྱི་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་ངང་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་པ། དུས་ཐོག་ཏུ་ཕྱི་ནང་གང་སར་གཙང་སེལ་བཅས་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་སུ་ཧུར་ཐག་འགྱུར་བར་བྱེད་དགོས་ཞེས་གསུངས།

  
style="display:none;"