མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ།

     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་པ། དབང་དབྱང་གིས་གསུང་བཤད་གནང་བ། 
 
      ཟླ་3ཚེས་13ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་ཞིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ།
    ཟླ་3ཚེས་13ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་ཞིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མུ་མཐུད་འབད་འཐབ་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལི་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་ཤིང་། དབང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཨུ་ཡོན་2157ཕེབས་དགོས་པ་དང་། དངོས་སུ་ཨུ་ཡོན་2123ཕེབས་པ་དེ་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།
    ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།
    དབང་དབྱང་གིས་གསུང་བཤད་གནང་སྐབས། ད་ཐེངས་ཀྱི་ཚོགས་འདུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་འགག་རྩའི་ལོར་སླེབས་སྐབས་འཚོགས་པ་ཞིག་རེད། དེའི་ཐད་ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད་ལ། འབྲེལ་ཡོད་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་པ་དང་ཆབས་ཅིག་རིགས་ཁོངས་ཁག་གི་ཚོགས་ཆུང་ནང་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་ཡོད་ལ། ཨུ་ཡོན་དང་ལྷན་དུ་རྒྱལ་དོན་གྲོས་བསྡུར་གནང་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འཁུར་སེམས་དང་ལོ་རྒྱུས་ཀྱི་འཁུར་སེམས་ལ་བརྟེན་པ་དང་། གྲོས་མོལ་གཏིང་ཟབ་དང་ཐབས་ཇུས་ཧུར་ཐག་བཏོན་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཚོགས་འདུའི་ཐོག་དམངས་གཙོ་དར་སྤེལ་ཧུར་ཐག་བཏང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་ཡོད། དེ་ནི་དམ་པ་དོན་གཉེར་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད། དེ་ཐོག་ནས་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་གྱི་ལེགས་ཆ་མངོན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཀྱང་མངོན་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་རེད། ལོ་70ཡི་རིང་། ཀྲུང་གོ་གསར་པ་བཙུགས་པ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན། སྒྱུར་བཅོས་ཀྱི་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་རླབས་ཆེའི་ལག་ལེན་ནང་མི་དམངས་སྲིད་གྲོས་ཀྱིས་ཧུར་ཐག་ཞུགས་ཏེ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་པ་དང་ལོ་རྒྱུས་ཀྱི་མཛད་རྗེས་བཏོད་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པས་མི་དམངས་སྲིད་གྲོས་ཀྱི་གར་སྟེགས་དེ་བས་རྒྱ་ཆེ་བ་དང་འགན་འཁྲི་དེ་བས་ལྕི་བ་ཡོད། དེར་བརྟེན་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་ཁྲི་བློ་ལ་བརྟན་པོར་ངེས་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་སྟངས་འཛིན་བྱེད་པ། དད་སེམས་དང་ངེས་ཤུགས་བརྟན་པོ་སྲུང་བ། ཉམས་མྱོང་དང་བློ་གྲོས་བསྡུ་ལེན་བྱེད་པ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་གོང་བཀུར་དང་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱི་གྲུབ་འབྲས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིར་སྒྱུར་བ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆའི་འོག་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས། གསར་གཏོད་ལ་གོང་བཀུར་དང་གསར་གཏོད་བྱེད་ཕོད་པ་བྱེད་པ་དང་། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་གོ་རིམ་དང་འཁོར་སྐྱོད་བྱེད་ཐབས་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་ཆ་ལག་ཚང་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ལ་གོང་བཀུར་དང་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་ལ་ནུས་ཤུགས་འདོན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ལྟེ་བའི་ལས་འགན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཀུན་སེམས་གཅིག་ཏུ་ཧུར་ཐག་སྒྲིལ་དགོས་ཞེས་གསུངས་པ་རེད།
     དབང་དབྱང་གིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལ་དུས་རབས་གསར་པའི་རྣམ་པ་ཡོད་དགོས་ལ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་ལའང་དུས་རབས་གསར་པའི་གཟུགས་བརྙན་ཡོད་དགོས། ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དཔུང་ཁག་ཧྲིལ་པོའི་བྱང་ཚད་མཐོ་རུ་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་བཏང་ནས་འགན་འཁྲི་གསར་པ་འཁུར་བ་དང་གཟི་བརྗིད་གསར་པ་གཏོད་དགོས། འབད་འཐབ་མཁན་གྱི་ཉམས་འགྱུར་དང་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། ནམ་ཡང་མཚམས་མི་འཇོག་པ། ནམ་ཡང་སྒྱིད་ལུག་མི་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་སེམས་ནང་འཆང་བ་དང་དམངས་འཚོར་བརྩེ་སེམས་འཆང་བ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཞུགས་མཁན་དང་། ལག་ལེན་མཁན། སྐུལ་འདེད་མཁན་བཅས་ཡག་པོ་བྱེད་པ། ལོ་ལྟར་ཨུ་ཡོན་གྱི་གྲོས་གཞི་ཡག་པོ་འདོན་པ། དུས་རབས་ཀྱིས་བཏོན་པའི་རྒྱུགས་ལན་ཡག་པོ་འདེབས་པ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་པ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
     རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྲོལ་བ་རེད། 

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ།

  
style="display:none;"