མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་མི་དམངས་མཚོ་དམག་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་
དམག་གཟིགས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་25ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་མི་དམངས་མཚོ་དམག་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་
དམག་གཟིགས་མཛད་སྒོར་ཞུགས་པ།

     ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་བཙུགས་ནས་ལོ་70འཁོར་བའི་དུས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆིང་ཏའོ་རུ་སྤེལ་བའི་མི་དམངས་མཚོ་དམག་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་དམག་གཟིགས་མཛད་སྒོར་ཞུགས་པ་རེད། 
     ཆིང་ཏའོ་ཨའོ་ཧྥན་ལྟེ་བའི་གྲུ་ཁར་དམག་གཟིགས་ལས་འགན་འཁུར་བཞིན་པའི་ཟི་ལིང་དམག་གྲུར་མཚོ་དམག་གི་གུས་ལུགས་ཆེ་ཤོས་མཚོན་པའི་ཏའེ་མོན་གུས་དར་བཀལ་ཡོད་པ་དང་། སྐར་ལྔའི་དར་དམར་དང་བརྒྱད་གཅིག་དམག་དར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག རྒྱལ་ཁབ་61ནས་ཕེབས་པའི་མཚོ་དམག་འཐུས་མི་ཚོགས་པའི་ཚོགས་གཙོ་གཟིགས་ཞིབ་གྲུ་གཟིངས་ཐོག་ལྷན་དུ་འཛོམས་ནས་མཉམ་དུ་དམག་གཟིགས་མཛད་སྒོ་འཚོག་རྒྱུ་བསྒུགས་ནས་བསྡད་ཡོད། 
      ཆུ་ཚོད་12དང་སྐར་མ་40ཙམ་ལ་ཞི་ཅིན་ཕིང་ཆིང་ཏའོ་ཨའོ་ཧྥན་ལྟེ་བའི་གྲུ་ཁར་ཕེབས་པ་དང་། རྔམ་བརྗིད་ལྡན་པའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་གིས་མཚོ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་རྗེས་གཟིགས་ཞིབ་དམག་གྲུར་བཞུགས་པ་རེད། 
     ཆུ་ཚོད་13ཙམ་ལ་གཟིགས་ཞིབ་གྲུ་གཟིངས་ཀྱི་དུང་བརྡ་བསྒྲགས་རྗེས་དམག་གཟིགས་མཚོ་ཁོངས་སུ་བསྐྱོད། 
     སྐབས་དེ་དུས་མི་དམངས་མཚོ་དམག་གི་དམག་གྲུ་32ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ཐོག་བརྗིད་ཉམས་ཆེ་བའི་རུ་སྟར་སྒྲིག་ཡོད་པ་དང་། དམག་འཐབ་གནམ་གྲུ་ལྡིར་སྒྲ་སྒྲོག་བཞིན་བར་སྣང་དུ་འཕུར་ལྡིང་བྱེད་པ། ཐག་རིང་རྒྱ་མཚོ་བརྒལ་ནས་དམག་གཟིགས་མཛད་སྒོར་ཞུགས་མཁན་རྒྱལ་ཁབ་13གྱི་མཚོ་དམག་གི་དམག་གྲུ་18གྲལ་སྟར་འགྲིག་པོས་དཔུང་རུ་བསྒྲིགས་ཡོད། 
     ཆུ་ཚོད་14དང་སྐར་མ་30ཙམ་ལ་གཟིགས་ཞིབ་དམག་གྲུ་སྔོན་གཏན་འཁེལ་བའི་མཚོ་ཁོངས་སུ་འབྱོར་པ་དང་། མཚོ་དམག་གི་སི་ལིང་ཡོན་ཧྲེན་ཅིན་ལུང་གིས་མཚོ་ཐོག་གི་དཔུང་རུ་རུབ་འཛོམས་བྱས་ཟིན་པའི་སྙན་སེང་ཞུས་པ་དང་ཞི་ཅིན་ཕིང་གིས་གཟིགས་ཞིབ་འགོ་འཛུགས་རྒྱུའི་བཀའ་བཏང་བ་རེད། ངར་ཤུགས་རབ་ཏུ་འཕེལ་བའི《རྣམ་འབྱེད་རུ་སྟར་མདུན་སྐྱོད་གླུ་དབྱངས》མཐའ་ཡས་རྒྱ་མཚོའི་ཐོག་ཏུ་གྲགས།
     གཟིགས་ཞིབ་དང་ལེན་ཞུ་མཁན་དམག་གྲུ་ཁག ཆུར་འཛུལ་དམག་གྲུའི་དཔུང་རུ་དང་། མཐར་སྐྲོད་དམག་གྲུའི་དཔུང་རུ། སྲུང་དམག་དམག་གྲུའི་དཔུང་རུ། སྐམ་འབེབས་དམག་གྲུའི་དཔུང་རུ། རམ་འདེགས་དམག་གྲུའི་དཔུང་རུ། གནམ་ཐང་དམག་གྲུའི་དཔུང་རུ་བཅས་ལ་བགོས་ནས་རྔམ་བརྗིད་ལྡན་པའི་སྒོ་ནས་རྦ་རླབས་གཤགས་ཏེ་མདུན་སྐྱོད་བྱེད། གཟིགས་ཞིབ་དང་ལེན་ཞུ་མཁན་གནམ་གྲུ་མཁའ་དབྱིངས་སུ་ལྡིར་སྒྲ་སྒྲོག་བཞིན་འཕུར་ལྡིང་བྱེད་བཞིན་ཡོད། 
     1949ལོའི་ཟླ་4ཚེས་23ཉིན་ཅང་སུའུ་ཐའེ་ཀྲོའུ་པའེ་མཱ་དགོན་ནས་ཐོན་འགོ་ཚུགས་པ་ནས་བཟུང་། མི་དམངས་མཚོ་དམག་དེ་ཏང་གི་མཛུབ་ཁྲིད་འོག་མཚོ་འགྲུལ་ལམ་དུ་རླུང་རྟེན་རླབས་གཤགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་བའི་མཚོ་ཐོག་དྲག་ཆས་སྟོབས་ཤུགས་ཤིག་ཏུ་རིམ་བཞིན་གྱུར་ཡོད། 
     གཟིགས་ཞིབ་དང་ལེན་ཞུ་མཁན་གྱིས་གཟིགས་ཞིབ་གྲུ་གཟིངས་བརྒྱུད་སྐབས་ཤུར་སྒྲ་རིང་པོ་བསྒྲགས་པ་དང་། དཔོན་དམག་ཚོས་དཔུང་རུ་གྲལ་སྟར་འགྲིག་པོས་ཀྲུའུ་ཞིར་གུས་འདུད་ཞུས། “བློ་མཐུན་ཚོ་སྐུ་ཁམས་བཟང” “ཀྲུའུ་ཞི་སྐུ་ཁམས་བཟང” “བློ་མཐུན་ཚོ་དཀའ་ལས་ཁག་སོང”“མི་དམངས་ལ་ཞབས་འདེགས་ཞུ”དམག་དཔུང་གི་རོལ་ཆ་དང་རྒྱ་མཚོའི་རླབས་སྒྲ་དང་།      ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་དཔོན་དམག་ཚོའི་སྐད་གསང་མཐོན་པོའི་ལན་འདེབས་པའི་སྒྲ་ཕན་ཚུན་གཅིག་ལ་གཅིག་འགྲན་ལྟར་སྣང་བས། སྤྱི་ཁྱབ་བཀོད་འདོམས་པ་དང་དཔོན་དམག་ཚོའི་སེམས་པ་གཅིག་ཏུ་སྦྲེལ་ཡོད། 
ཞི་ཅིན་ཕིང་གིས་མི་དམངས་མཚོ་དམག་འཛུགས་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས། མཚོ་དམག་གི་དཔུང་སྡེར་སྔ་རྗེས་སུ་གཟིགས་ཞིབ་ཐེངས་མང་གནང་སྟེ། “མི་དམངས་མཚོ་དམག་འཛམ་གླིང་གི་མཚོ་དམག་རྩེ་གྲར་འགྱུར་གང་ཐུབ་བྱེད་དགོས”པའི་འབོད་སྐུལ་གནང་ཡོད། མི་དམངས་མཚོ་དམག་གིས་ཀྱང་རྣམ་པ་གསར་རྐྱང་གི་ཐོག་ནས་མདུན་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་དེ་མཚོ་ཐོག་གི་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད། 
     ཆུ་ཚོད་15ཙམ་ལ་གཟིགས་ཞིབ་གྲུ་གཟིངས་ཁ་ལོ་བསྒྱུར་ཏེ་དམག་གཟིགས་མཛད་སྒོར་འཚམས་འདྲིར་ཡོང་བའི་དམག་གྲུའི་དཔུང་རུའི་ཕྱོགས་སུ་བསྐྱོད། 
     རྒྱལ་སྤྱིའི་དམག་གྲུར་གཟིགས་ཞིབ་གནང་རྒྱུ་ནི་མཚོ་དམག་གི་རྒྱལ་སྤྱིའི་རང་བཞིན་གྱི་དམག་རིགས་ཁོ་ནར་ཡོད་པའི་མཚོ་ཐོག་གི་གུས་ལུགས་བྱེད་སྒོ་ཞིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་མཚོ་དམག་མཛའ་གྲོགས་སྤེལ་རེས་ཀྱི་དམིགས་བསལ་བྱེད་ཐབས་ཤིག་ཀྱང་ཡིན། 
ཨུ་རུ་སུ་དང་། ཐེ་ལན། ཝེ་ཐེ་ནམ། རྒྱ་གར། རི་པིན། ཧྥི་ལི་ཕིན། བྷང་ག་ལ། པུ་རུ་ནེ། ཧན་གོ སིང་ཀ་ཕོར། ཨོ་སི་ཁྲུ་ལི་ཡ། མ་ལེ་ཞི་ཡ། འབར་མ་སོགས་རྒྱལ་ཁབ་ཀྱི་དམག་གྲུར་ཏའེ་མན་གུས་དར་སྒྲོག་ཡོད། དམག་འཐབ་གྲུ་གཟིངས་དང་རམ་འདེགས་གྲུ་གཟིངས་ཀྱི་གོ་རིམ་དང་། ལྗིད་ཚད། ཆེ་ཆུང་གཞིར་བཟུང་རུ་སྟར་བསྒྲིགས་ནས་གཟིགས་ཞིབ་གྲུ་གཟིངས་ཕྱོགས་ནས་རེ་རེ་བཞིན་བསྐྱོད་པ་རེད། 
     ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་དཔོན་དམག་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུ་ལུགས་མཚོན་ཐབས་གནང་ཡོད། རྒྱལ་ཁབ་ཁག་གི་མཚོ་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོས་གཟིགས་ཞིབ་གྲུ་གཟིངས་ཀྱི་གྲུ་གཅལ་དུ་བཞུགས་ནས་དམག་གཟིགས་གནང་བ་རེད། 
     ཆུ་ཚོད་15དང་སྐར་མ་30ཙམ་ལ《མཛའ་གྲོགས་ནམ་འཚོའི་བར་དུ་གནས》ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་མི་དམངས་མཚོ་དམག་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་གི་དམག་གཟིགས་བདེ་བླག་ངང་མཇུག་འགྲིལ་བ་རེད། 

༄༅།།ཞི་ཅིན་ཕིང་མི་དམངས་མཚོ་དམག་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་
དམག་གཟིགས་མཛད་སྒོར་ཞུགས་པ།

  
style="display:none;"