མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་
སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གཅིག་གི་འགོ་ཁྲིད་མི་སྣ་དང་རྒྱལ་
སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་26ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ ཉིའུ་ཤིས་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། སྐབས་འདིའི་གླེང་སྟེགས་ཐོག་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས་སྲིད་ཇུས་འབྲེལ་མཐུད་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གྲོས་གཞིར་གྲོས་བསྡུར་བྱས་ཏེ་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱིའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། མོ་ཙམ་པི་ཁེ་ནི་གནའ་རབས་མཚོ་ཐོག་དར་གོས་ལམ་བུའི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་ད་ཕན་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་ནང་ཧུར་ཐག་ཞུགས་ཡོད། ཕྱོགས་གཉིས་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་གྱུར་བྱུང་བ་དང་གཉིས་ཁེ་མཉམ་ལས་ཀྱི་སྤུས་མཐོ་ཕན་འཕར་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་དབར་གྱི“བློ་མཐུན་དང་སྤུན་གྲོགས”ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་གསུངས་པ་རེད། 
      ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་ནི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་བརྡ་ལན་ཞུ་མཁན་སྔ་ཤོས་དང་ཧུར་ཐག་ཞུགས་མཁན་གྱི་རྒྱལ་ཁབ་ཀྱི་གྲས་རེད། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་མཉམ་ལས་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཏན་ཏིག་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་བབ་ལ་གཞིགས་ནས་གདམ་ག་བྱས་པའི་འཕེལ་རྒྱས་འགྲོ་ལམ་ལ་རྒྱབ་སྐྱོར་དང་ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གོ་སྐབས་སུ་བྱས་ཏེ་འཕེལ་རྒྱས་འཆར་འགོད་འབྲེལ་མཐུད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟབ་ཏུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་རིག་གནས་དང་། སློབ་གསོ། ས་གནས་དབར་གྱི་སྤེལ་རེས་བཅས་རྒྱ་ཆེར་བཏང་ནས་ཕན་ཚུན་དབར་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན། རྒྱལ་ཁབ་གཉིས་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཁབ་དེ་རང་གི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་འབད་བརྩོན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨེ་ཙེ་ཨོ་ཕི་ཡ་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གྱི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ལ་རོགས་རམ་བྱས་ཏེ་བཟོ་ལས་ཅན་གྱི་ཆུ་ཚད་དང་ཕྱིར་གཏོང་དངུལ་འགྲུལ་གྱི་ནུས་པ་ཆེ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་ཨ་ཧྥེ་རི་ཁའི་དུས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་འབྲེལ་མཐུད་དང་མཐུན་སྦྱོར་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅཱ་ཏེ་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅཱ་ཏེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་མཁྱེན་ལྡན་མ་ལཱ་ཅཱ་ཏེས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་ཀྲུང་གོ་མཉམ་ལས་བྱ་རྒྱུ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དབར་གྱི་འབྲེལ་བ་བཟང་པོར་གདེང་འཇོག་ཧུར་ཐག་བྱེད་པ་དང་ཕྱོགས་གཉིས་པོས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ད་ཆ་རྒྱལ་ཁབ་དེ་བས་མང་པོ་ཞིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པ་དེ་ཐོག་ནས“རྒྱུད་གཅིག་ལམ་གཅིག”ནི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་མི་སེམས་རྒྱ་ཁྱབ་ཐོབ་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ང་ཚོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། མཉམ་ལས་དེ་བརྒྱུད“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་དེ་བས་ལེགས་པའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་འབར་མའི་རྒྱལ་དོན་སྲིད་སྐྱོང་ཨང་ཧྲན་སུའུ་ཅི་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མའི་རྒྱལ་དོན་སྲིད་སྐྱོང་ཨང་ཧྲན་སུའུ་ཅི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་འབར་མའི“སྤུན་ཟླའི”དབར་གྱི་མཛའ་གྲོགས་ཟབ་པ་དང་གཙང་པོ་གཅིག་མཉམ་སྤྱོད་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་འབར་མའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་སང་ལོ་ཀྲུང་གོ་དང་འབར་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རིམ་ཁག་དབར་གྱི་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་ནས་ཀྲུང་གོ་དང་འབར་མའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། འབར་མ་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། འབར་མ་སྲིད་གཞུང་གིས་རྒྱལ་ནང་གི་ཞི་བདེ་ཞི་མཐུན་ལ་འབད་བརྩོན་བྱེད་པར་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་མཐའ་མཚམས་མི་དམངས་ཀྱི་བདེ་འཇགས་དང་རྒྱུན་གཏན་སྒྲིག་ལམ་འགན་ལེན་ཏན་ཏིག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་གྱི་དམིགས་བསལ་ཕོ་ཉ་ཨེར་ཅེ་ཅུན་པའོ་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་གྱི་དམིགས་བསལ་ཕོ་ཉ་རང་དབང་དམངས་གཙོ་ཏང་གི་ལས་འཛིན་ཀྲང་ཨེར་ཅེ་ཅུན་པའོ་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་རིའི་འབྲེལ་བ་སླར་ཡང་རྒྱུན་གཏན་སྲོལ་ལམ་ཐོག་བསྐྱོད་ནས་དགེ་མཚན་ལྡན་པའི་འཕེལ་ཕྱོགས་ཀྱི་རྣམ་པ་མངོན་ཡོད། ཕྱོགས་གཉིས་པོས་ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞི་ཡི་ནང་གཏན་ལ་འཁེལ་བའི་རྩ་དོན་ཁག་བརྟན་པོ་བསྲུངས་ནས་ཞི་བདེ་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་དང་གཉིས་ཁེ་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་རིའི་དབར“ཕན་ཚུན་འཇིགས་སྐུལ་མི་བྱེད་པ”དང“ཕན་ཚུན་མཉམ་ལས་རོགས་ཟླར་བརྩི་བ་དང་ཕ་རོལ་པོའི་ཞི་བདེ་འཕེལ་རྒྱས་ལ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི”ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། རི་པིན་ཕྱོགས་མུ་མཐུད་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ནང་ཞུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ་རི་པིན་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"