མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་
ཨུ་ལྷན་འཛུགས་པའི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་26ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་ཟླ་4ཚེས་24ཉིན་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས་ལོ་རྒྱུས་འཕེལ་རྒྱས་དང་། ཤེས་དཔལ་དར་རྒྱས། མིའི་རིགས་ཡར་ཐོན་བཅས་སྔོན་ཐོན་བསམ་བློའི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཀྲུང་གོ་ནས་དར་བ་དང་འཛམ་གླིང་ལ་དབང་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་འཐབ་འོག“རྒྱུད་གཅིག་ལམ་གཅིག”སྒོ་དབྱེ་ཁོག་ཡངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་དང་དགའ་བསུ་ཆེན་པོ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལྟ་བུར་གྱུར་ཡོད། 
      ཇུས་འདོན་ཚོགས་པ་ནི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཇུས་འདོན་ཚོགས་པའི་སྤེལ་རེས་མཉམ་ལས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་ཕན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་ཡོད།
      ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་པས་རྒྱལ་ཁབ་ཁག་གི་ཇུས་འདོན་ཚོགས་པས་བསམ་བློ་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཐབས་ཇུས་བློ་འདྲི་བྱེད་པར་ལས་སྟེགས་གལ་ཆེན་བསྐྲུན་ཡོད། མཉམ་ལས་ཨུ་ཡོན་ལྷན་ཁང་གིས་རིག་གཞུང་སྤེལ་རེས་གཏིང་ཟབ་བྱེད་པ་དང་སྤུས་ཚད་དེ་བས་མཐོ་བའི་ཞིབ་འཇུག་འབྲས་བུ་བཏོད་དེ“རྒྱུད་གཅིག་ལམ་གཅིག”མཉམ་དུ་ཧུར་ཐག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"