མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཚོ་དམག་བཙུགས་ནས་ལོ་70འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་
ཚོགས་གཙོ་མཉམ་སྡེབ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་25ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་སྔ་དྲོ་ཆིང་ཏའོ་རུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་བཙུགས་ནས་ལོ་70འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་སྒོར་གདན་ཞུས་ལྟར་ཞུགས་མཁན་ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་མཉམ་སྡེབ་ལ་མཇལ་འཕྲད་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་དམག་དཔུང་གི་ཚབ་ཞུས་ནས་བྱེད་སྒོར་ཞུགས་མཁན་གྱི་རྒྱལ་ཁབ་ཁག་གི་མཚོ་དམག་གི་དཔོན་དམག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྒྱ་མཚོས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་གནས་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་མཚོས་ཚེ་སྲོག་གསོ་སྐྱོང་དང་། འཛམ་གླིང་སྦྲེལ་མཐུད། འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ང་ཚོ་མིའི་རིགས་འདུས་སྡོད་ཀྱི་གོ་ལ་སྔོན་པོ་འདི་རྒྱ་མཚོས་ཁེར་ཆགས་གླིང་ཕྲན་ཁག་ཏུ་ཁ་ཕྲལ་བ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་རྒྱ་མཚོས་ལས་དབང་གཅིག་མཐུན་འདུས་གྲུབ་ཤིག་ཏུ་སྦྲེལ་མཐུད་བྱས་ཡོད་པས། རྒྱལ་ཁབ་ཁག་གི་མི་དམངས་རྣམས་བདེ་སྡུག་མཉམ་དུ་མྱོང་མཁན་ཤ་སྟག་རེད། རྒྱ་མཚོའི་ཞི་བདེ་ལྷིང་འཇགས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་བདེ་སྡུག་དང་ཁེ་ཕན་དང་འབྲེལ་བ་ཡོད་པས། ཐུན་མོང་ཐོག་སྲུང་སྐྱོང་དང་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་ཀྱི་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེར་དགའ་ཞེན་དང་། ཞི་བདེ་རེ་སྒུག་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཀྱི་ཡོད། ཀྲུང་གོས་བློ་རྩ་བརྟན་པོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་གསར་པ་འཛུགས་པ་དང་དར་སྤེལ་གཏོང་གི་ཡོད། ཀྲུང་གོའི་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཕན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་འདྲ་མཉམ་ཡིད་ཆེས་དང་། དྲང་གཞག་དྲང་བདེན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་བདེ་འཇགས་བཀོད་པ་ཞིག་གཏོད་རྒྱུར་གཞོལ་བཞིན་ཡོད། མཚོ་དམག་ནི་རྒྱལ་ཁབ་ཀྱི་མཚོ་ཐོག་སྟོབས་ཤུགས་གཙོ་བོ་ཡིན་པའི་ངོས་ནས་རྒྱ་མཚོའི་ཞི་བདེ་ལྷིང་འཇགས་དང་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། ཚང་མས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་ཐོག་གི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཚོ་དམག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གཉིས་ཁེ་གཉིས་ཕན་གྱི་མཚོ་ཐོག་བདེ་འཇགས་ལམ་བུའི་ཐོག་བསྐྱོད་པ། ལག་གདང་སྦྲེལ་ནས་མཚོ་ཐོག་གི་ཐུན་མོང་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་རྒྱ་མཚོའི་ཞི་བདེ་ལྷིང་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་རྒྱ་མཚོ་གཞི་རྟེན་དང་འབྲེལ་ཐག་ཏུ་བྱས་པའི་ཁྲོམ་ར་དང་། ལག་རྩལ། ཆ་འཕྲིན། རིག་གནས་སོགས་ཀྱི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། ཀྲུང་གོས་དུས་རབས་21གི་མཚོ་ཐོག་དར་གོས་ལམ་བུ་མཉམ་དུ་སྐྲུན་རྒྱུའི་གྲོས་འགོ་བཏོན་ཡོད། དེ་ནི་མཚོ་ཐོག་གི་ཕན་ཚུན་སྦྲེལ་མཐུད་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་དང་། མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། རྒྱ་མཚོའི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཅས་བཏང་སྟེ་ཐུན་མོང་ཐོག་རྒྱ་མཚོའི་བདེ་རྩ་ཆེ་རུ་གཏོང་བའི་རེ་བ་བྱེད་པ་དེ་ཡིན། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་ཁག་གི་དམག་དཔུང་དང་མཉམ་དུ་རྒྱ་མཚོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"