མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་24ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཞུགས་པ།
     ལས་དོན་སྒྲུབ་རིང་། སྤྱི་ཡོངས་ཀྱི་དམིགས་ཚད་དང་བྱེ་བྲག་གི་དམིགས་ཚད་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་དང་། བལྟོས་མེད་ཀྱི་ཚད་གཞི་དང་བལྟོས་བཅས་ཀྱི་ཚད་གཞིའི་འབྲེལ་བ་སྟངས་འཛིན་ཡག་པོ། བཅད་གྲངས་དབྱེ་ཞིབ་དང་ངོ་བོ་གཏན་ཁེལ་ལ་བརྡར་གཅོད་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བཅས་བྱེད་དགོས། འཕེལ་རིམ་གྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་ངང་ཚོད་སྐོར་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་ལྷག་པའི་མངོན་གསལ་དོད་པའི་ཞན་ཆ་དང་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་ལྡོག་མེད་ཀྱི་ལས་འགན་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་དང་། གཙོ་གནད་རྒན་རྒོན་དང་། ཉམས་ཞན་མི་སྣ། ནད་པ། དབང་པོ་སྐྱོན་ཅན། མི་འབོར་དབུལ་པོ། ཤིན་ཏུ་དབུལ་བའི་ས་ཁུལ་སོགས་ཐད་ཀྱི་ཞན་ཆ་མངོན་གསལ་དོད་པས། ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་4ཚེས་22ཉིན་གྱི་སྔ་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་གི་ཞན་ཆ་གསབ་རྒྱུའི་གནད་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བས། མིག་སྔའི་ཞན་ཆའི་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཞན་ཆ་དང་སྐྱོན་ཆར་གཞིགས་ནས་གནད་སྨིན་འགག་སྒྲོལ་བྱེད་དགོས། དཀའ་གནད་སེལ་ཕོད་པ་དང་སེལ་མཁས་པོ་བྱས་ནས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་ཏུ་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་དགོངས་པ་བཏོན་ཚུན་མི་རབས་འགའ་ཤས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་མདོར་བསྡུས་ན་རང་རྒྱལ་དུ་སྤྱིར་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། མིག་སྔར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཡང་ཞན་ཆ་ཁག་གཅིག་ཡོད་པས་ངེས་པར་དུ་གང་མགྱོགས་གསབ་དགོས། ལས་དོན་སྒྲུབ་རིང་། སྤྱི་ཡོངས་ཀྱི་དམིགས་ཚད་དང་བྱེ་བྲག་གི་དམིགས་ཚད་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་དང་། བལྟོས་མེད་ཀྱི་ཚད་གཞི་དང་བལྟོས་བཅས་ཀྱི་ཚད་གཞིའི་འབྲེལ་བ་སྟངས་འཛིན་ཡག་པོ། བཅད་གྲངས་དབྱེ་ཞིབ་དང་ངོ་བོ་གཏན་ཁེལ་ལ་བརྡར་གཅོད་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བཅས་བྱེད་དགོས། འཕེལ་རིམ་གྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་ངང་ཚོད་སྐོར་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་ལྷག་པའི་མངོན་གསལ་དོད་པའི་ཞན་ཆ་དང་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་ལྡོག་མེད་ཀྱི་ལས་འགན་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་དང་། གཙོ་གནད་རྒན་རྒོན་དང་། ཉམས་ཞན་མི་སྣ། ནད་པ། དབང་པོ་སྐྱོན་ཅན། མི་འབོར་དབུལ་པོ། ཤིན་ཏུ་དབུལ་བའི་ས་ཁུལ་སོགས་ཐད་ཀྱི་ཞན་ཆ་མངོན་གསལ་དོད་པས། ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།
     ཚོགས་འདུའི་ཐོག་ད་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་མཇུག་བསྡུ་བའི་བར་ལོ་གཉིས་ཀྱི་དུས་ཚོད་ཀྱང་མེད་པས། ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཚར་གཅོད་དམག་འཐབ་རྒྱག་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པར་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་པ་དང་། “སེམས་ཁྲལ་མེད་པ་གཉིས”ཡོངས་སུ་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག“འགན་ལེན་གསུམ”ལ་འཕྲད་པའི་མཐའ་མའི་འགག་གནད་གཙོ་གནད་ཐོག་སེལ་དགོས། གཙོ་གནད་ས་ཁུལ་གྱི་ཁོར་ཡུག་སྦགས་བཙོག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་2020ལོར་སླེབས་སྐབས་ཀྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་དོན་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས། བུ་བཅོལ་དང་རྒན་གསོ་སོགས་ཐད་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དངོས་ཁག་གཅིག་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཚོགས་འགན་བཅོལ་གྱི་ཐ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་དང་མ་མཐའི་འཚོ་བའི་འགན་ལེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་ཐུབ་པ་བྱས་ཏེ་གཞི་རྩའི་འཚོ་བའི་མཐའ་ཚད་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམིགས་ཚད་ལ་དམ་པོར་དམིགས་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འཐབ་ལྷོད་མེད་བྱེད་པ་བཅས་བྱེད་དགོས། ས་ཁུལ་ཁག་གི་འཕེལ་རྒྱས་ཆུ་ཚད་ལ་ཧེ་བག་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་མཇུག་བསྡུ་བའི་དུས་མཚམས་ཀྱི་ལས་དོན་ལའང་གལ་འགངས་ཆེ་ཆུང་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“མཐའ་མའི་འགག་གནད”ཡག་པོ་སེལ་དགོས་ལ། བབ་བསྟུན་འཕྲལ་སྒྲུབ་ངང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་ལོ་གཅིག་དུས་གཅིག་གི་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་བླང་བྱ་ཡིན་ལ། ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་སྤྱིའི་ཆ་ནས་ཕན་འབྲས་བཟང་པོ་ཐོན་ཡོད། ཚོགས་འདུའི་ཐོག་བཏོན་པའི་བསམ་ཕྱོགས་དང་བྱ་ཐབས་གལ་ཆེན་ཁག་གཅིག་ཞིབ་ཚགས་སུ་གཏོང་དགོས་པ་དང་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་དགོས་ཞེས་བསྟན་པ་རེད།

  
style="display:none;"