མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་28ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ།

      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏཱ་པན་དུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
 ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཡོང་བཞིན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏིང་ཟབ་ངང་བསྐྱར་བཟོ་དང་། རྒྱལ་སྤྱིའི་གནས་བབ་རིམ་བཞིན་འགྱུར་བ་འགྲོ་ཚད་མགྱོགས་སུ་གཏོང་བཞིན་ཡོད་པ་རེད། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་དབར་ཐུན་མོང་གི་ཁེ་ཕན་དང་ཐུན་མོང་གི་དོ་ཁུར་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་པ་དང་། རི་པིན་ཡང་ལིན་ཧོ་དུས་རབས་ལ་སླེབས་ཡོད་པ་རེད། ང་ཚོས་ཐུན་མོང་ཐོག་དུས་རབས་གསར་པའི་དགོས་མཁོ་དང་མཐུན་པའི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་འཛུགས་རྒྱུར་གཞོལ་ནས། ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་དེ་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"