མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་2019ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་དམིགས་བསལ་ཤིས་
ཚིག་ཀྱང་གསུངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་04ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་ཏ་ལེན་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོ་ཏ་ལེན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་2019ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་དམིགས་བསལ་ཤིས་ཚིག་ཀྱང་གསུངས་པ་རེད།
    ལི་ཁེ་ཆང་གིས་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྲུང་གོར་ལོ་13གཉེར་ཟིན་པ་རེད། དང་ཐོག་དབྱར་དུས་ཏ་ཝོ་སི་གླེང་སྟེགས་འཛུགས་སྐབས་རེས་སྐོར་གསར་པའི་ཐོན་ལས་གསར་བརྗེ་དར་བཞིན་པའི་སྒང་ཡིན་པས་གོ་ལ་ཧྲིལ་པོ་ཅན་གྱི་གོམ་སྟབས་མྱུར་དུ་ཕྱིན་པ་དང་། ལས་རྣམ་གསར་པ་དང་། ལག་རྩལ་གསར་པ། ཚོང་ལས་རྣམ་པ་གསར་པ་བཅས་ཆར་རྗེས་ཀྱི་ཤྭ་མོ་བཞིན་ཐོན་ཡོད། སྐབས་དེ་དུས་སྣེ་ཁྲིད་པ་གསར་པ་ཞེས་པའི་བརྗོད་དོན་གཙོ་བོ་གཏན་འཁེལ་བྱས་པ་མ་ཟད་ད་བར་རྒྱུན་སྲིང་པར་སྔར་བཞིན་དངོས་ཡོད་ཀྱི་དོན་སྙིང་ལྡན་པ་དང་། སྐབས་དེ་དུས་ཀྱི་འཚར་ལོངས་ཡོང་བཞིན་པའི་ཁེ་ལས་མང་པོ་ཞིག་ད་ཆ་སྟོབས་ཆེན་པོར་གྱུར་ཡོད། ང་ཚོས་ཁྲོམ་རའི་བྱེད་པོ་སྣ་ཚོགས་དང་ཁེ་ལས་ཆེན་པོ་དག་འཚར་ལོངས་ཡོང་བཞིན་པའི་ཁེ་ལས་དང་མཉམ་དུ་རྩལ་འགྲན་བྱེད་དུ་བཅུག་ནས་འདྲ་མཉམ་འགྲན་རྩོད་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ད་ཐེངས་ཀྱི་གླེང་སྟེགས་ནང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གནད་དོན་ལ་གྲོས་བསྡུར་ཟབ་མོ་བྱེད་པར་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། གཟའ་འཁོར་གོང་མར་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཡང་དག་པའི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་འདོད་ཡོད་པ་སླར་ཡང་གསལ་སྟོན་གནང་ཡོད་ཅེས་གསུངས་པ་རེད།
     ལི་ཁེ་ཆང་གིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཚན་རྩལ་ཡར་རྒྱས་འགྲོ་བའི་ལྡོག་མེད་ཀྱི་གྲུབ་འབྲས་ཤིག་ཡིན་པས་སྤྱིའི་ཆ་ནས་རྒྱལ་ཁབ་ཁག་ཚང་མར་དེ་ལས་ཕན་པ་ཐོབ་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཆ་རྐྱེན་འོག་ཐོན་པའི་རེས་སྐོར་གསར་པའི་ཐོན་ལས་གསར་བརྗེ་ལས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་། གསར་གཏོད་འཁོར་སྦྲེལ། རིན་ཐང་འཁོར་སྦྲེལ་བཅས་སྦྲེལ་མཐུད་སྔར་བས་དམ་དུ་སོང་བ་མ་ཟད་ཁོངས་ཡངས་རང་བཞིན་གྱི་འཕར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ཏེ་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། 
    སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས་གཉིས་ཁེ་གཉིས་ཕན་དང་དོ་སྙོམས་ཀུན་ཕན་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། མིག་སྔར་འཛམ་གླིང་གི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་མདུན་དུ་རོགས་ཟླའི་སྙིང་སྟོབས་དར་སྤེལ་བཏང་སྟེ་འདྲ་མཉམ་ངང་གྲོས་མོལ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མི་མཐུན་པའི་ཆར་དོ་དམ་ཚོད་འཛིན། ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མཉམ་ཤུགས་ཆགས་པར་བྱེད་དགོས། སྒྲིག་སྲོལ་རྨང་གཞིར་བྱེད་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་དང་གོ་ཆོད་རང་བཞིན་ལ་བརྩི་འཇོག་དང་སྲུང་སྐྱོང་ཐོབ་དགོས་ངེས་རེད་ཅེས་གསུངས་པ་རེད།
     ལི་ཁེ་ཆང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་རིང་། ཀྲུང་གོས་གོ་ལ་ཧྲིལ་པོའི་ལས་བགོས་མ་ལག་དང་ཐོན་ལས་འཁོར་འབྲེལ་དང་། གསར་གཏོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་ནང་མཉམ་འདྲེས་ཧུར་ཐག་བྱས་ཏེ་སྒོ་དབྱེའི་ཁས་ལེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཀུན་གྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་གཞོལ་རྒྱུ་ཡིན། ང་ཚོས་བཟོ་སྐྲུན་ལས་རིགས་སྒོ་དབྱེ་ཚད་ཟབ་ཏུ་གཏོང་བ་དང་། དངུལ་རྩ་སོགས་དེང་རབས་ཞབས་ཞུའི་ལས་རིགས་སྒོ་དབྱེ་ཚད་ཟབ་ཏུ་གཏོང་བ། དངུལ་བརྗེས་འཛའ་ཐང་གྲུབ་པའི་ལམ་སྲོལ་སྒྱུར་བཅོས་དང་མ་རྩའི་རྣམ་གྲངས་བརྗེ་རེས་ཆོག་པར་སྐུལ་འདེད་བརྟན་པོ་གཏོང་བ། སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་སྔར་བས་རང་བརྟེན་ངང་དམའ་རུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཤེས་བྱའི་བདག་དབང་ལ་སྔར་བས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཐད་སྒོ་དབྱེ་ཚད་དང་། ཁ་གསལ་ཡོང་ཚད། སྔོན་དཔག་ཆོག་པའི་རང་བཞིན་བཅས་སྔར་བས་ཇེ་ཆེར་གཏོང་རྒྱུ་དང་མ་འཇོག་ཁོར་ཡུག་སྤྱི་ཡོངས་ཇེ་ལེགས་སུ་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།

  
style="display:none;"