མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     《དམག་དཔུང་གི་ལྟ་ཞིབ་ལས་དོན་སྲོལ་ཡིག (ཚོད་ལྟའི་ལག་བསྟར)》བཀྲམ་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ་དང་། 《དམག་དཔུང་གི་ལྟ་ཞིབ་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཀྲམ་ནས་2020ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
     《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ནས་གཅིག་གྱུར་འགོ་ཁྲིད་དང་། དབང་གྲགས་ཕན་ཆེ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམག་དཔུང་གི་ལྟ་ཞིབ་སྒྲིག་སྲོལ་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས་ལུགས་བཏོན་ཡོད། 《སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱེད་པ་དེ་ནི་དམག་དཔུང་གི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་དམག་དཔུང་གི་ལྟ་ཞིབ་ལས་དོན་ཚད་ལྡན་དུ་ནན་པོ་གཏོང་བ་དང་དམག་དཔུང་གི་མི་སྣའི་དབང་ཆ་སྤྱོད་པའི་གནས་ཚུལ་གྱི་ལྟ་ཞིབ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དམག་དཔུང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
     《སྲོལ་ཡིག》དེར་ཁྱོན་ས་བཅད་10དང་དོན་ཚན་62ཡོད་པ་དེ་དག་ལྟ་ཞིབ་ཨུ་ལྷན་གསར་འཛུགས་དང་། ལྟ་ཞིབ་ཁྱབ་ཁོངས་དང་དོ་དམ་ཁོངས་གཏོགས། ལྟ་སྐུལ། བརྟག་ཞིབ། ཐག་གཅོད། ལྟ་ཞིབ་ལས་དོན་གྱི་ཕན་ཚུན་གཞོགས་འདེགས། ལྟ་ཞིབ་ཨུ་ལྷན་དང་ལྟ་ཞིབ་མི་སྣའི་ལྟ་སྐུལ་སོགས་ཕྱོགས་ཁག་ནང་ཁྱབ་ཡོད། 《སྲོལ་ཡིག》ནང་དམག་དཔུང་གི་ལྟ་ཞིབ་ལས་དོན་ཐད་ངེས་པར་དུ་དམག་འཐབ་ནུས་པ་ཚད་གཞིར་འཛིན་པ་དང་དམག་གྲབས་དམག་རྒྱག་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། དོན་དངོས་གཞི་འཛིན་ས་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས། དབང་འགན་གཅིག་གྱུར་དང་འགན་འཛོལ་བྱུང་ན་ངེས་པར་དུ་བདའ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་མི་སྐྱོབ་མཐའ་འཁྱོངས། སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་མཐའ་འཁྱོངས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བཅས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་པའི་ནན་བཤད་བྱས་ཡོད། 《སྲོལ་ཡིག》ནང་དམག་དཔུང་གི་རིམ་ཁག་ལྟ་ཞིབ་ཨུ་ལྷན་ནི་ལྟ་ཞིབ་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ཆེད་འགན་ལས་ཁུངས་ཤིག་ཡིན་པ་དེས་ལྟ་སྐུལ་དང་། བརྟག་ཞིབ། ཐག་གཅོད་བཅས་ཀྱི་འགན་འཁྲི་ཁྲིམས་བཞིན་འཁུར་དགོས་པའི་གཏན་འབེབས་བྱས་ཡོད། ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་དེ་གའི་ཏང་གི་ཨུ་ཡོན་ལྷན་ཁང་དང་གོང་རིམ་ལྟ་ཞིབ་ཨུ་ལྷན་གྱི་ཁྲིད་སྟོན་འོག་ལྟ་ཞིབ་ལས་དོན་སྤེལ་དགོས། 《སྲོལ་ཡིག》ནང་ལྟ་ཞིབ་ཨུ་ལྷན་གྱིས་ངེས་པར་དུ་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་ཞིབ་མི་སྣར་སློབ་གསོ་དོ་དམ་ནན་པོ་བྱེད་པ། རང་ངོས་ལ་ལྟ་ཞིབ་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད། 

  
style="display:none;"