མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་17ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ལ་བརྟེན་ནས་ཕུགས་འདུན་མངོན་པ། ལོ་རྒྱུས་ཤེས་རྟོགས་ཀྱིས་ཏང་ལ་དགའ་ཞེན། ལོ་རྒྱུས་ཤེས་རྟོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་བཅས་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ལ་བརྟེན་ནས་ཕུགས་འདུན་མངོན་པ། ལོ་རྒྱུས་ཤེས་རྟོགས་ཀྱིས་ཏང་ལ་དགའ་ཞེན། ལོ་རྒྱུས་ཤེས་རྟོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་བཅས་བྱེད་དགོས》ཞེས་པ་སྤེལ་ཡོད།
    གསུང་རྩོམ་ནང་། ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཤིག་རེད། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འབྱུང་ལུགས་འབྱུང་སྟངས་ཤེས་རྟོགས་དང་། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་དོན་ཆེན་དང་མི་སྣ་གལ་ཆེན་ཤེས་རྟོགས་ཡང་དག་པ་བཅས་བྱེད་དགོས་ཤིང་། དེ་ནི་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ངོས་འཛིན་ཡང་དག་པ་བྱེད་པར་དགོས་གལ་ཧ་ཅང་ཆེན་པོ་ཡིན་ལ། འབྱུང་འགྱུར་གསར་གཏོད་བྱེད་པར་ཡང་དགོས་གལ་ཧ་ཅང་ཆེན་པོ་ཡིན། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སིའི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། བསམ་བློའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་དམངས་ཡོངས་ཀྱིས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་ཆེན་པོ་སྔར་བས་འཕེལ་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད།
   གསུང་རྩོམ་ནང་། ཀྲུང་གོར་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་འཛིན་པ་ནི་ཀྲུང་གོ་དང་། ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱི་བཀྲ་ཤིས་པའི་བྱ་བ་ཞིག་རེད། ང་ཚོས་ཀྲུང་གོའི་ཉེ་རབས་ཀྱི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ཀྱི་ལོ་རྒྱུས། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་བཅས་ཤེས་རྟོགས་གཏིང་ཟབ་ཐུབ་ཚེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ལ་ད་ལྟའི་གྲུབ་འབྲས་དེ་ལྟ་བུ་ཐོབ་མི་སྲིད་ལ། ད་ལྟའི་རྒྱལ་སྤྱིའི་གནས་བབ་དེ་ལྟ་བུ་འང་ཡོད་མི་སྲིད་པ་ཤེས་རྟོགས་ཐུབ་ངེས་རེད། ཏང་གིས་བརྒྱུད་མྱོང་བའི་དྲག་ཆར་རླུང་འཚུབ་ཀྱི་ལོ་རྒྱུས་ཁྲོད་དང་། ཏང་གིས་གསར་གཏོད་དང་སྐུལ་སྤེལ་རྒྱུན་ཆད་མེད་པར་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ཁྲོད། ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང་ཡུན་རིང་གི་ལག་ལེན་ཁྲོད་ནས་ཏང་ལ་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་ཏང་གི་འགོ་ཁྲིད་ལ་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུའི་རྩ་དོན་གྱི་གནད་དོན་གལ་ཆེན་དེའི་ཐད་ང་ཚོས་རིག་པ་དེ་བས་དྭངས་གསལ་དང་། མིག་དེ་བས་གསལ་པོ། ལངས་ཕྱོགས་དེ་བས་བརྟན་པ་བཅས་བྱེད་དགོས་པ་ལས་ཁྲལ་སེལ་སླ་བཅོས་དང་གཡོ་འགུལ་གཏན་ནས་གཏོང་མི་རུང་ཞེས་བསྟན་ཡོད།
    གསུང་རྩོམ་ནང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་དོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་ངེས་པར་དུ་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དོན་ཐད་མི་རྣམས་ཀྱིས་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་དང་ཤེས་རྟོགས་ཡག་པོ་བྱས་ནས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་དུ་བཏོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་བརྟན་སྲུང་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་བསྟན་ཡོད།

  
style="display:none;"