མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མ་ཚོར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་24ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   འཕྲིན་ལན།
   པེ་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མ་ཚོ།
   ཁྱེད་ཚོ་ཁམས་བཟང་། ཁྱེད་ཚོའི་འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་རང་འགུལ་ངང་ཀྲུང་གོའི་རྒྱལ་བབ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཤེས་རྟོགས་བྱས་པ་དེས་ཀྲུང་གོའི་འདས་ཟིན་པ་དང་། ད་ལྟ། འབྱུང་འགྱུར་བཅས་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
    ད་ཆའི་ཀྲུང་གོ་ཤེས་རྟོགས་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་ཐུབ་དགོས། ཁྱེད་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པར་གཞོལ་བའི་སྐོར་དང་། རྒྱལ་ཁབ་གཞན་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་སྐྱོར་ཧུར་ཐག་བྱས་པའི་སྐོར་བརྗོད་འདུག ཀྲུང་གོ་གུང་ཁྲན་ཏང་གིས་བྱ་བ་དེ་དག་བསྒྲུབས་དོན་ནི། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་མཁན་གྱི་སྲིད་ཏང་ཞིག་ཀྱང་ཡིན། ཀྲུང་གོར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་གཏམ་དཔེ་ཞིག་ཡོད། ཁྱེད་ཚོ་ཀྲུང་གོའི་ས་གནས་ཁག་ཏུ་མང་ཙམ་བསྐྱོད་ནས་ཀྲུང་གོ་ངོ་མ་སྔར་བས་ཤེས་རྟོགས་གཏིང་ཟབ་དང་ཆབས་ཅིག ཁྱེད་ཚོའི་བསམ་ཚུལ་དང་མྱོང་ཚོར་མི་དེ་བས་མང་པོར་ངོ་སྤྲོད་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་མཐུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་།
    2021ལོའི་ཟླ་6ཚེས་21ཉིན།
    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་འབྱོར་བའི་གློག་འཕྲིན)
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མ་ཚོར་འཕྲིན་ལན་སྤྲིངས་ཏེ། ཁོང་ཚོས་ཀྲུང་གོ་ངོ་མ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་བསམ་ཚུལ་དང་མྱོང་ཚོར་མི་དེ་བས་མང་བར་ངོ་སྤྲོད་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་མཐུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་སྐུལ་ལྕག་གནང་བ་རེད།
   ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོས་རང་འགུལ་ངང་ཀྲུང་གོའི་རྒྱལ་བབ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཤེས་རྟོགས་བྱས་པ་དེས་ཀྲུང་གོའི་འདས་ཟིན་པ་དང་། ད་ལྟ། འབྱུང་འགྱུར་བཅས་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
   ཞི་ཅིན་ཕིང་གིས་ད་ཆའི་ཀྲུང་གོ་ཤེས་རྟོགས་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་ཐུབ་དགོས། ཁྱེད་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པར་གཞོལ་བའི་སྐོར་དང་། རྒྱལ་ཁབ་གཞན་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་སྐྱོར་ཧུར་ཐག་བྱས་པའི་སྐོར་བརྗོད་འདུག ཀྲུང་གོ་གུང་ཁྲན་ཏང་གིས་བྱ་བ་དེ་དག་བསྒྲུབས་དོན་ནི། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་མཁན་གྱི་སྲིད་ཏང་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་གཏམ་དཔེ་ཞིག་ཡོད། ཁྱེད་ཚོ་ཀྲུང་གོའི་ས་གནས་ཁག་ཏུ་མང་ཙམ་བསྐྱོད་ནས་ཀྲུང་གོ་ངོ་མ་སྔར་བས་ཤེས་རྟོགས་དང་ཆབས་ཅིག ཁྱེད་ཚོའི་བསམ་ཚུལ་དང་མྱོང་ཚོར་མི་དེ་བས་མང་པོར་ངོ་སྤྲོད་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་མཐུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཉེ་ཆར། རྒྱལ་ཁབ་32ནས་ཡོང་བའི་པེ་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མའི་འཐུས་མི་45ཡིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་ལ་སྨོན་འདུན་བཟང་པོ་ཞུས་པ་རེད། འཕྲིན་ཡིག་ནང་སློབ་མ་ཚོས་ཀྲུང་གོར་སློབ་སྦྱོང་དང་འཚོ་བ་བསྐྱལ་བའི་མྱོང་ཚོར་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོར་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པར་སྙིང་དབུས་ནས་བསྔགས་བརྗོད་དང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱེད་ལུགས་བརྗོད་ཡོད།

  
style="display:none;"