མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་20ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་ཨའི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དུས་ཡུན་ཇི་ཙམ་ཕྱིན་ན་དེ་ཙམ་གྱིས་བརྟན་དུ་འགྲོ་ཡི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨ་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཐུན་སྦྱོར་དང་བྱ་སྤྱོད་ཁ་གཏད་སྦྲེལ་མཐུད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ཀྲུང་གོ་འདི་ཉིད་མུ་མཐུད་ཨ་རབ་རྒྱལ་ཁབ་ཀྱི་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོར་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་ཕན་ཚུན་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་ཏེ་ཕན་ཚུན་ལྟ་སྐྱོང་དང་དུས་ངལ་མཉམ་སེལ་གྱི་དཔེ་མཚོན་བཏོད་ཡོད།
     ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་འཕེལ་རྒྱས་དོན་གཉེར་དང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་ཨའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དེ་བས་མཐོན་པོར་བསླེབ་རྒྱུར་སྐུལ་འདེད་བཏང་སྟེ། ཕན་ཚུན་ལག་གདང་སྦྲེལ་ཏེ་དུས་རབས་གསར་པར་ཕྱོཌ་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
     ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ཉིན་དེར་ཉིང་ཞ་དབྱིན་ཁྲོན་དུ་ཚོགས་འགོ་ཚུགས་ཤིང་། དངོས་མང་སྟོན་ཚོགས་དེ་ནི་ཚོང་དོན་པུའུ་དང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བ་རེད།

  
style="display:none;"