མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་མཐའ་མཚམས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཚོར་སྐུལ་ལྕག་གནང་བ། ཡུལ་མི་སྤུན་ཟླ་ཚོ་ནམ་ཡང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་གྱིས་དུས་རབས་གསར་པའི་དབའ་རིགས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་གླུ་གཞས་ལེན་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་22ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་8ཚེས་19ཉིན་ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་གི་མཐའ་མཚམས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ཡུལ་མི་སྤུན་ཟླ་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་བཀླགས་རྗེས་དབུལ་སྒྲོལ་འགག་སྒྲོལ་བྱས་པ་ལས་དབའ་རིགས་ས་ཁུལ་གྱི་འགྱུར་ལྡོག་ཆེན་པོ་ཤེས་རྟོགས་བྱུང་བ་དང་དབའ་རིགས་མི་དམངས་ཀྱི་སེམས་པ་ཏང་དང་རྒྱལ་ཁབ་ལ་ཕྱོགས་པའི་བརྩེ་བ་ཟབ་མོ་ཡང་ཚོར་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ཁྱེད་ཚོ་ནི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཤ་སྟག་ཡིན་པ་དང་དུས་ཡུན་རིང་པོར་མཐའ་མཚམས་ས་ཁུལ་དུ་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་མྱོང་ཡོད་པས་མཐའ་མཚམས་མི་དམངས་འབྱོར་ཕྱུག་ལྡན་པ་དང་མཐའ་མཚམས་བརྟན་ལྷིང་གི་དོན་སྙིང་གཞན་སུ་ལས་ཀྱང་གསལ་པོ་ཤེས་ཀྱི་ཡོད། དབུལ་སྒྲོལ་བྱུང་བ་ནི་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་གོམ་པ་གལ་ཆེན་ཞིག་ཡིན་པས་ང་ཚོས་གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་འབྱོར་ཕྱུག་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། ཁྱེད་ཚོས་མུ་མཐུད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ཡུལ་མི་སྤུན་ཟླ་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་བཅས་བྱས་ཏེ་དུས་རབས་གསར་པའི་དབའ་རིགས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་གླུ་གཞས་ལེན་རྒྱུར་ཁྲིད་སྟོན་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
     མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་ནི་རྒྱལ་ཡོངས་ཀྱི་དབའ་རིགས་འདུས་སྡོད་རྫོང་ཆེ་ཤོས་ཡིན་པ་དང་ས་གནས་དེ་གའི་དབའ་རིགས་མང་ཚོགས་ཚོར་རྒྱལ་གཅེས་མཐའ་སྲུང་གི་གཟི་བརྗིད་སྲོལ་རྒྱུན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་གནས་དེ་གས་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་བཏང་བས་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་སྟེ། སྡོད་ཁང་གི་བདེ་འཇགས་དང་། འཐུང་ཆུའི་བདེ་འཇགས། སྨན་བཅོས་དང་སྨན་ཁང་དུ་སྡོད་པ། བུ་ཕྲུག་སློབ་གྲྭར་གཏོང་བ་སོགས་ལ་འགན་སྲུང་བྱུང་ཡོད། 2019ལོའི་ལོ་མཇུག་ཏུ་རྫོང་དེའི་གྲོང་ཚོ་དབུལ་པོ་67དང་མི་འབོར་དབུལ་པོ་ཁྲི་4ལྷག་ཙམ་ཚང་མ་དབུལ་སྒྲོལ་བྱུང་ཞིང་། ཉེ་ཆར། རྫོང་དེའི་པན་ཧུང་ཤང་དང་པན་ལའོ་ཤང་གི་མཐའ་མཚམས་གྲོང་ཚོ་9ཡི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་10ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་དབའ་རིགས་མི་དམངས་དབུལ་ཕོངས་ལས་བསྒྲལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པའི་གནས་ཚུལ་སྙན་སེང་ཞུས་ནས། མི་རབས་ནས་མི་རབས་བར་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ཏེ་ཕ་ཡུལ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་པར་བྱས་ཡོད།

  
style="display:none;"