མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅཱ་ཚི་ཝ་ཉིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་10ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་རི་ཐ་ཉི་ཡའི་ཙུང་ཐུང་ཅཱ་ཚི་ཝ་ཉིར་གློག་འཕྲིན་བཏང་གནང་སྟེ། ཙུང་ཐུང་ཅཱ་ཚི་ཝ་ཉིར་ཏོག་གསར་ནད་དུག་འགོས་པར་འཚམས་འདྲི་ཞུ་ལུགས་མཚོན་པར་གནང་བ་རེད།
   ཞི་ཅིན་ཕིང་གིས་ཙུང་ཐུང་ཅཱ་ཚི་ཝ་ཉིར་ཏོག་གསར་ནད་དུག་འགོས་པ་ཤེས་རྗེས། ངས་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་དང་སྦྲགས་ཁྱེད་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་མོ་རི་ཐ་ནི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཙུང་ཐུང་ཅཱ་ཚི་ཝ་ཉིའི་འགོ་ཁྲིད་འོག་མོ་རི་ཐ་ནི་ཡས་རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"