མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་
ངང་གཉེར་བར་ཞི་ཅིན་ཕིང་ལ་ངག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་27ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ངག་འཕྲིན་སྤྲིངས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ཡོངས་ཀྱི་རེ་སྒུག་ཟབ་མོ་དང་ཐུགས་ཁུར་འོག་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་དེ་གསར་གཏོད་དང་ཁྱད་ཆོས་ཀྱིས་ཕྱུག་པའི་རྒྱལ་སྤྱིའི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
   ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོའི་ཏང་དང་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་འབད་འཐབ་དང་དུས་བཀག་ལྟར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་དེ་ལས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད། འཛམ་གླིང་ཡོངས་ལ་ཀྲུང་གོ་མི་དམངས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱེད་པའི་འགྲོ་ལམ་ལ་ཕྱོགས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བློ་སྟོབས་མངོན་ཡོད་ཅེས་གསུངས་པ་རེད།
   ཅིན་ཀྲེང་ཨེན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་བརྟེན་ཀྲུང་གོ་མི་དམངས་ཀྱིས་དེ་བས་དོན་སྙིང་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པ་འཛུགས་གྲབས་ཡོད་པའི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་གོང་བུ་འགྲིལ་ཤུགས་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་དང་ཀྲུང་གོ་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་རྩོད་ནང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་དང་མཉམ་དུ་ཁྲའོ་ཀྲུང་དབར་གྱི་འབྲེལ་བ་སྔར་བས་བརྟན་དུ་བཏང་ནས་ཞི་བདེ་འཕེལ་རྒྱས་ཀྱི་འཛམ་གླིང་ཞིག་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"