མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧ་ལི་ཧྥ་སྐུ་གཤེཌ་པར་ཨ་རབ་མཉམ་འབྲེལ་
ཚོ་དཔོན་རྒྱལ་ཁབ་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་མུའུ་ཧན་མོ་ཏིར་མྱ་ངན་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་17ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧ་ལི་ཧྥ་སྙུང་གཞིས་རྐྱེན་པས་སྐུ་གཤེགས་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་མུའུ་ཧན་མོ་ཏིར་མྱ་ངན་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ཁོང་སྒེར་གྱི་མཚན་ཐོག་ནས་ཙུང་ཐུང་ཧ་ལི་ཧྥ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་ཆབས་ཅིག་ཙུང་ཐུང་ཧ་ལི་ཧྥའི་ནང་མི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
   ཞི་ཅིན་ཕིང་གིས། ཙུང་ཐུང་ཧ་ལི་ཧྥས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་གཞོལ་བས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་མི་དམངས་ཀྱི་བརྩི་བཀུར་དང་དགའ་ཞེན་ཐོབ་ཡོད། ཙུང་ཐུང་ཧ་ལི་ཧྥ་སྐུ་འཚོ་བཞུགས་སྐབས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་ལས་ལ་གཞོལ་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་གནང་ཡོད། ཁོང་སྟབས་མི་ལེགས་པར་སྐུ་གཤེགས་པ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་པ་རེད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"