མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཕུལ་བའི“མཛའ་
གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་བཞེས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་17ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཕུལ་བའི“མཛའ་གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་བཞེས་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཕུལ་བའི“མཛའ་གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་བཞེས་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སར་མར་ཧན་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སཱ་མར་ཧན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཕུལ་བའི“མཛའ་གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་བཞེས་པ་རེད།
    སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་གཟེངས་རྟགས་འབུལ་བའི་ཤིས་ཚིག་སྒྲོན་ཞིང་། ཁོང་གིས་དེ་རིང་ནི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཉིན་མོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་ཕྱོགས་མཚན་སྙན་མཐོ་ཤོས་ཏེ། “མཛའ་གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་དང་པོ་འབུལ་རྒྱུ་བྱུང་བ་དེ་རང་ཉིད་ཀྱི་གཟི་བརྗིད་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་ཀྲུང་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཡིད་ཆེས་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད། ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་འདུད་ཞུ་གི་ཡོད་པ་དང་། ཞི་ཅིན་ཕིང་ནི་དེང་གི་འཛམ་གླིང་གི་རླབས་ཆེ་ཤོས་ཀྱི་ཆབ་སྲིད་མཁས་ཅན་དང་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་རེད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུ་བའི་ཤིས་ཚིག་སྒྲོན་ཞིང་། ཞི་ཅིན་ཕིང་གིས་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ང་ལ“མཛའ་གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་གནང་བ་དེ་ཐོག་ནས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་དེ་བཞིན་ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གང་ལེགས་མཚོན་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྙན་ངག་པ་གྲགས་ཅན་ན་ཝོ་དབྱི་ཡིས“མཛའ་གྲོགས་ལྡན་པའི་འཚོ་བ་ལས་ལྷག་པའི་བྱ་བ་བཟང་པོ་ཞིག་མེད”ཅེས་བརྗོད་ཡོད།
    ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་ཀྲུང་ཨུའི་མི་རིགས་རླབས་པོ་ཆེ་གཉིས་ཀྱིས་དར་གོས་འདྲེན་ལམ་འབྲེལ་ཐག་ཏུ་བྱས་ཏེ། དངོས་ཟོག་བརྗེ་རེས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་མྱོང་ལེན་བཅས་བྱས་ཡོད། ལོ་ངོ་30ཡི་གོང་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་བརྩམས་ཡོད། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འ
   འཐབ་ཇུས་རོགས་ཟླའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་དྲང་ནུས་ཀྱང་སྦྱིན་ཡོད་ཅེས་གསུངས་པ་རེད།
   “མཛའ་གྲོགས་ཟབ་ཤོས”ཀྱི་གཟེངས་རྟགས་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་ཕྱོགས་ཀྱི་མཚན་སྙན་མཐོ་ཤོས་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཨུ་ཟ་བྷེ་ཁི་སི་ཐན་དང་མཛའ་གྲོགས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་མཁན་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་མདོ་གནད་ཐག་གཅོད་བྱེད་མཁན། ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དམིགས་བསལ་ལེགས་སྐྱེས་འབུལ་མཁན་བཅས་ལ་གཟེངས་བསྟོད་བྱ་ཆེད་རེད། དེ་ནི“མཛའ་གྲོགས་ཟབ་ཤོས”གཟེངས་རྟགས་གཏན་འབེབས་བྱས་ཚུན་སྤྲོད་ཐེངས་དང་པོ་དེ་རེད།

  
style="display:none;"