མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་དམིགས་བསལ་
གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་24ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་10པའི་ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྣམས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། དམིགས་བསལ་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཁོང་རྣམ་པ་དང་མཉམ་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཁོང་རྣམ་པ་དང་མཉམ་བཞུགས་སྐུ་པར་ཡང་བསྐྱོན་པ་རེད། 
     ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅེ། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན། མ་ཤིང་རུའེ། ཝང་ཁྲེན། ཝང་དབྱི། དབྱིན་ལི། ཧྲེ་ཐའེ་ཧྥུང་། ལིའུ་ཧོ། ལིའུ་ཀུའོ་ཀྲུང་། ཞུས་ཆི་ལིའང་། སུན་ཁྲུན་ལན། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཡང་ཞའོ་ཏུའུ། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲན་ཝུན་ཆིང་། ཁྲན་ཅེ་ཉིང་། ཁྲན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཡོན་ཅ་ཅུན། ཧོང་ཁུན་མིང་། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཡང་ཅེ་ཁྲེ། ཁྲེན་ཞི། ཁྲེན་ཆོན་གོ ཀུའོ་ཧྲེང་ཁུན། ཡིའུ་ཆོན་བཅས་མཇལ་འཕྲད་ནང་ཞུགས་ཡོད། 
     མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཆེན་ནང་གློག་འོད་རྣམ་པར་བཀྲ་བ་དང་ཏང་རྟགས་མཐོན་པོར་བཀལ་ཞིང་། རྣམ་པ་སྤྲོ་སེམས་འཁོལ་ལ་རྔམ་བརྗིད་ལྡན་པ་ཞིག་ཡོད། འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་2700ལྷག་འདི་གར་ལྷན་དུ་འཛོམས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་འགོ་ཁྲིད་བློ་མཐུན་རྣམས་ལ་ཕེབས་སྒུག་ཞུས་ཡོད། 
     ཕྱི་དྲོའི་ཆུ་ཚོད་4པའི་ཐོག་ཞི་ཅིན་ཕིང་སོགས་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ཡོང་ཚེ་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བཞིན་སྐབས་སྐབས་ལ་མདུན་ལ་ཕེབས་མཚམས་བཞག་ནས་མདུན་གྲལ་དུ་ཡོད་པའི་བློ་མཐུན་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྣམས་ལ་ཁམས་འདྲི་ཞུས་ནས་ལྷག་བསམ་དག་པའི་གུས་ལུགས་མཚོན་པར་གནང་ཡོད། ཚོམས་ཆེན་ནང་བརྩེ་བ་དང་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཤིང་། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡུན་རིང་གྲགས་ནས་ཡོད། 
     མཇལ་འཕྲད་ནང་ཞུགས་མཁན་གྱི་གྲས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་ལས་གནས་ལས་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཅས་ཡོད་པ་རེད། 

ཟླ་10པའི་ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། དམིགས་བསལ་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཁོང་རྣམ་པ་དང་མཉམ་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།

style="display:none;"