མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་
རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་10ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཉིན་དགུང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་སོ་ཏི་ཨ་རབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཉིན་དགུང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་སོ་ཏི་ཨ་རབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།

    འདི་ག་ཚགས་པར་ཁང་དུ་རི་ཡ་ཏེ་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཉིན་དགུང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་སོ་ཏི་ཨ་རབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྒྱལ་ས་རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།
    ས་གནས་དེ་གའི་དུས་ཚོད་ཆུ་ཚོད་12དང་སྐར་མ་20ཙམ་ལ། སོ་ཏི་ཨ་རབ་ཀྱི་རྒྱལ་པོའི་ཕོ་བྲང་དུ་སྦག་སྦག་རུ་ཁག་དང་རྟ་རགས་ཀྱི་སྲུང་སྐྱེལ་འོག་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་རྒྱལ་པོའི་ཕོ་བྲང་གི་གཞུང་དོན་ཚོམས་ཆེན་གྱི་ཐང་ཆེན་དུ་ཕེབས་འབྱོར་ཟིན་པ་རེད།
   སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་རླངས་འཁོར་འབབ་སར་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་དམག་གཟིགས་སྟེགས་བུར་ཕེབས་སྐབས་རྒྱལ་པོའི་ཕོ་བྲང་གི་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏེའི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་རྒྱལ་པོའི་ཕོ་བྲང་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། སོ་ཏི་ཨ་རབ་རྒྱལ་པོའི་ཕོ་བྲང་གི་སྐུ་སྲུང་དམག་གིས་སྲོལ་རྒྱུན་གྱི་གུས་ལུགས་ཐོག་ནས་ཞི་ཅིན་ཕིང་ལ་དགའ་བསུ་གཟབ་རྒྱས་ཞུས་པ་རེད།