མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

༄༅།།ཀྲང་ཏེ་ཅང་གིས་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཚོགས་གཙོ་ཁ་སཱ་ལ་མཇལ་འཕྲད་གནང་བ་རེད།
         ཀྲང་ཏེ་ཅང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། སྔར་མུས་སུ་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་ཨ་ཧྥེ་རི་ཁ་གླིང་ལ་དངོས་བདེན་དང་། དངོས་འབྲེལ། མཛའ་མཐུན། ཡིད་རྟོན་བཅས་ཀྱི་ལས་སྒྲུབ་བྱེད་ཕྱོགས་དང་དྲང་བདེན་ཁེ་ཕན་གྱི་ལྟ་བ་ཡང་དག་པར་འཛིན་པ་ལྟར་ཕན་ཚུན་བར་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ་མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་རྒྱུན་ཆད་མེད་པར་གཏོང་བ་དང་། མཛའ་མཐུན་གྱི་སྤྱི་ཚོགས་སྣང་ཚུལ་ཟམ་མ་ཆད་པར་འཛུགས་སྐྱོང་བྱས་ནས་ཀྲུང་ཨེ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་དེ་ཉིད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་འབྲེལ་དྲང་འབྲེལ་ཕན་ནུས་ཐོན་པའི་གྲུབ་འབྲས་སུ་འགྱུར་བར་ཏན་ཏིག་བྱས་ཐོག་ཀྲུང་ཨེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་པོ་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།