མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་10ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

༄༅།།ལིའུ་ཡུན་ཧྲན་གྱིས་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་པེ་ཅིན་དུ་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་གཞུང་ལས་ཁང་གི་ཀྲུའུ་རེན་ཁོ་ཞི་ཉེ་ཚི་ཡིས་སྣེ་ཁྲིད་གནང་བའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་རེད། 
         ལིའུ་ཡུན་ཧྲན་གྱིས་ཀྲུང་གོའི་ཕྱོགས་ཀྱིས་པའེ་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཐོ་རིམ་བར་འབྲེལ་གཏུག་ཇེ་དམ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་རིགས་ལ་བརྩི་འཇོག  ཕ་རོལ་པོའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དང་དར་སྤེལ་གཏོང་བར་རྒྱབ་སྐྱོར་བཅས་བྱས་ཏེ་ཀྲུང་གོ་དང་པའེ་ཨུ་རུ་སུ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡུན་རིང་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ལིའུ་ཡུན་ཧྲན་གྱིས་དྲིས་ལན་བསྐྱོན་པའི་སྒོ་ནས་རང་རྒྱལ་གྱི“ཕྱོགས་ཡོངས་ནས་བཞི”སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དང“ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་ཚུལ་ངོ་སྤྲོད་གནང་སྟེ“ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་ནི་སྒོ་འབྱེད་པ་དང་། ཁོང་ཡངས། དངོས་དོན་གཉེར་བ་བཅས་ཡིན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་གྲོས་མོལ་དང་། མཉམ་དུ་འཛུགས་སྐྲུན། ལོངས་སུ་མཉམ་སྤྱོད་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་སྐུལ་སྤེལ་སྔར་ལས་ལེགས་པར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།