མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཡིས་ཐུའུ་ཁུ་མན་སི་ཐན་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་གཞོན་
པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་10ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

༄༅།།ཀྲང་ཀའོ་ལི་ཡིས་ཐུའུ་ཁུ་མན་སི་ཐན་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་གཞོན་
པར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་མི་དམངས་ཚོགས་ཁང་ཆེ་མོར་སྔ་རྗེས་སུ་ཐུའུ་ཁུ་མན་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧོ་ཅ་མུ་ཧན་མོ་ཏུའོ་ཧྥུའུ་དང་ཐེ་ལན་རྒལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའི་པུའུ་ཀྲང་གཅིག་ལྕོགས་པ་ཝེ་ལ་མཇལ་འཕྲད་གནང་བ་རེད།
         ཧོ་ཅ་མུ་ཧན་མོ་ཏུའོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལི་ཡིས་ཀྲུང་ཐུའུ་ཕྱོགས་གཉིས་ཀྱིས་ཐུན་མོང་དུ་འབད་བརྩོན་ཆེན་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ཧུར་ཐག་བྱས་ནས་ཀྲུང་ཐུའུ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་ཀྲུང་ཐུའུ་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 
         པ་ཝེ་ལ་མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལི་ཡིས་ཐེ་ལན་རྒྱལ་ཁབ་ནི “ཁུལ་གཅིག་ལམ་གཅིག”རྒྱུད་དུ་ཆགས་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་བར་གྱི་ལྕགས་ལམ་སོགས་མཉམ་ལས་རྣམ་གྲངས་རྒྱུན་ཆད་མེད་པར་གོང་དུ་སྤེལ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་དུ་འབད་བརྩོན་ཆེན་པོ་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་རྣམ་གྲངས་ལ་གྲུབ་འབྲས་ཟམ་མ་ཆད་པར་འཐོབ་པར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་སྤེལ་རེས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།