མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཡིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་09ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

༄༅།།ཀྲང་ཀའོ་ལི་ཡིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་སྐབས་ལྔ་པའི“ཀྲུང་སིང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བྱེད་ནུས་གླེང་སྟེགས”ཞེས་པར་ཞུགས་པར་ཕེབས་པའི་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཀྲང་ཀྲི་ཞན་ལ་མཇལ་འཕྲད་གནང་བ་རེད། 
         ཀྲང་ཀའོ་ལི་ཡིས་མིག་སྔར་ཀྲུང་སིང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མགྱོགས་མྱུར་ངང་ཡར་རྒྱས་སུ་འགྲོ་བའི་དུས་སྐབས་སུ་གནས་ཤིང་། ཕྱོགས་གཉིས་བར་དངོས་དོན་གཉེར་བའི་མཉམ་ལས་ལ་གྲུབ་འབྲས་གཡུར་ཟ་བ་ཐོབ་པའི་འཁོར་རེས་གསར་པ་ཤར་ཏེ་དཔལ་འབྱོར་ཉོ་ཚོང་ཐད་དངུལ་འཇོག་མཉམ་ལས་ཀྱིས་རྨང་གཞིར་བྱས་པ་དང་། དངུལ་རྩ་དང་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་བཅོས་སྐྱོང་བཅས་ཐད་ཀྱི་མཉམ་ལས་ལ་བཀྲག་མདངས་འཚེར་བ། ཚན་རྩལ་དང་། སློབ་གསོ། ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ད་ལོ་ནི་ཀྲུང་སིང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་མུ་མཐུད་དེ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཕྱོགས་གཉིས་བར་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཞིང་། ཁྱབ་ཁོངས་ཁག་གི་དངོས་དོན་གཉེར་བའི་མཉམ་ལས་ཟབ་སྤེལ་བྱས་ནས་ཀྲུང་སིང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱེད་དགོས་ཞེས་གསུངས་པ་རེད།