མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་10ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

༄༅།།ཀྲང་ཏེ་ཅང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་རེ་ལེ་ཙི་ཉི་ཡ་ཁེ་ཡིས་སྣེ་ཁྲིད་གནང་བའི་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ཞོལ་མའི་ན་གཞོན་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་རེད། 
         ཀྲང་ཏེ་ཅང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་བར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ཕན་ཚུན་འགྲོ་འོང་དང་དུས་བཀག་བརྗེ་རེས་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མཉམ་ལས་དམ་པོ་སྤེལ་བས། ཆུ་ཚད་མཐོ་བའི་རྒྱལ་ཁབ་བར་གྱི་འབྲེལ་བར་སྐུལ་སྤེལ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ན་གཞོན་མི་རབས་བར་རྒྱུས་ལོན་སྔར་ལས་ཟབ་པོ་དང་མཛའ་བཤེས་སྔར་ལས་ཟབ་པོ་ཡོང་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་ན་གཞོན་གྲོས་མི་ཚུད་པའི་རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་སྤེལ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་སྤེལ་རེས་ལོའི་བྱེད་སྒོ་ཁག་ལེགས་པར་གཉེར་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་བར་མཛའ་མཐུན་མཉམ་ལས་བྱེད་པར་ཤུལ་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་དམ་ཡོང་བའི་སྤྱི་ཚོགས་དང་དམངས་འདུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།