མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་
སྤྱི་ཁྱབ་ཆབ་སྲིད་པུས་གསར་དུ་བཟོ་བཅོས་བརྒྱབ་པའི་<<དམག་དཔུང་གི་ཏང་
གི་རྩ་འཛུགས་ཀྱི་ཏང་ཡོན་མང་དུ་གཏོང་རྒྱུའི་ལས་དོན་སྐོར་གྱི་
གཏན་འབེབས་>>པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་13ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་སྤྱི་ཁྱབ་ཆབ་སྲིད་པུས་གསར་དུ་བཟོ་བཅོས་བརྒྱབ་པའི་<<དམག་དཔུང་གི་ཏང་གི་རྩ་འཛུགས་ཀྱི་ཏང་ཡོན་མང་དུ་གཏོང་རྒྱུའི་ལས་དོན་སྐོར་གྱི་གཏན་འབེབས་>>པར་འགྲེམས་བྱས་པ་རེད།
          <<གཏན་འབེབས་>>བཟོ་བཅོས་བརྒྱབ་སྟེ་ཁྱབ་བསྒྲགས་དང་ལག་ལེན་དུ་བསྟར་བ་ནི་གནས་བབ་གསར་པའི་འོག་ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་ལེན་མཐར་ཕྱིན་གཏིང་ཟབ་པོ་བྱེད་པ་དང་། <<ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་མང་དུ་གཏོང་རྒྱུའི་ལས་དོན་ཞིབ་སྲོལ་>>གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་བྱ་ཐབས་གལ་ཆེན་ཡིན་པས། ཏང་ཡོན་མང་དུ་གཏོང་བའི་སྤུས་ཚད་ལ་འགན་ལེན་ཏན་ཏིག་དང་ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་གི་རང་བཞིན་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། <<གཏན་འབེབས་>>ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པ། ཀྲུའུ་ཞི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་གསལ་པོར་མཚོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུའི་བླང་བྱ་མཚོན་ལ། དམག་དཔུང་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་རྒྱུའི་དམིགས་ཡུལ་གྱིས་ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་བྱེད་རྒྱུར་བཏོན་པའི་བླང་བྱ་གསར་པའང་མཚོན་པས། དམག་དཔུང་གི་ལག་ལེན་དང་རྟོག་ཞིབ་ཉམས་མྱོང་གསར་པ་བསྡུ་ལེན་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་རྒྱུ་ནི་གནས་བབ་གསར་པའི་འོག་ཏང་ཡོན་མང་དུ་གཏོང་རྒྱུའི་ལས་དོན་ལེགས་འགྲུབ་བྱེད་དགོས་པའི་གཞིར་འཛིན་ས་གལ་ཆེན་ཞིག་རེད།