མི་དམངས་དྲ་བ།

༄༅།།ལིའུ་ཡུན་ཧྲན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་14ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་པའི་བླང་བྱ་དོན་ཐོག་ཏུ་དངོས་སུ་འཁྱོལ་བར་དང་། གཞི་རིམ་དུ་དངོས་སུ་འཁྱོལ་བར་བྱས་ཏེ་གཞི་རིམ་གྱི་ཏང་ལེགས་སྐྱོང་ལས་དོན་སྔར་ལས་སྟོབས་ལྡན་དུ་འགྱུར་བར་བྱས་ནས་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         སྤྱི་ཟླ་4ཚེས་11ཉིན་ནས་ཚེས་13ཉིན་བར་ལིའུ་ཡུན་ཧྲན་གྲོང་ཚོ་གྲོང་བརྡལ་དང་། སྡེ་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་ཟབ་འཇུག་གནང་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་ཚུལ་དང་། གཞི་རིམ་ཏང་ལེགས་སྐྱོང་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ཚུལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། 
         བརྟག་དཔྱད་ཞིབ་འཇུག་གནང་སྐབས་ལིའུ་ཡུན་ཧྲན་གྱི་ད་དུང་སྔ་རྗེས་སུ་གཞི་རིམ་ཏང་ལེགས་སྐྱོང་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འཚོགས་པ་རེད།

༄༅།།ལིའུ་ཡུན་ཧྲན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ།