མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་སློབ་ཁྲིད་མི་སྐྱོང་དཔེ་བཟང་དང་གྲོང་གསེབ་ཀྱི་ཕུལ་བྱུང་
དགེ་རྒན་གྱི་འཐུས་ཚབ་ཚོར་མཇལ་འཕྲད་གནང་བ་མ་ཟད་
གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་སློབ་ཁྲིད་མི་སྐྱོང་དཔེ་བཟང་དང་གྲོང་གསེབ་ཀྱི་ཕུལ་བྱུང་
དགེ་རྒན་གྱི་འཐུས་ཚབ་ཚོར་མཇལ་འཕྲད་གནང་བ་མ་ཟད་
གསུང་བཤད་གལ་ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་དགེ་རྒན་གྱི་དུས་ཆེན་ཐེངས་སོ་གཅིག་པ་འཆར་ཉེ་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་དུ་རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་དཔེ་བཟང་དང་གྲོང་གསེབ་ཀྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་ཚོར་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ལི་ཁེ་ཆང་གིས་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་ཚོར་རྟེན་འབྲེལ་ཞུས་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་ཀ་བྱེད་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས་འཐུས་ཚབ་ཚོར་རེ་རེ་བཞིན་ཕྱག་གཏོང་བ་དང་། བྱམས་བརྩེ་ལྡན་པའི་ངང་ནས་རི་ཁུལ་གྱི་ཕྲུ་གུ་ཚོ་དཔྱང་ཐག་ལ་འཇུས་ཏེ་ཆུ་བོ་བརྒལ་ནས་སློབ་གྲྭར་འགྲོ་བ་དང་། བས་མཐའི་ས་ཁུལ་དུ་གཏན་འཇགས་སློབ་ཁྲིད་བྱེད་ས་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་མེད་འདྲི་རྩད་གནང་བ་དང་། དབང་པོ་སྐྱོན་ཅན་གྱི་དགེ་རྒན་གྱིས་སློབ་སྟེགས་བརྟན་སྲུང་གནང་བ་དང་གྲོང་ཁྱེར་གྱི་དགེ་རྒན་ཚོས་གྲོང་གསེབ་ཀྱི་དགེ་རྒན་ལ་རོགས་སྐྱོར་གནང་བ་ཁས་ལེན་གནང་ཞིང་། བོད་ལྗོངས་ནས་ཕེབས་པའི་འཐུས་ཚབ་ཀྱིས་ཙུང་ལིར་མཇལ་དར་ཕུལ་བ་རེད།
         ལི་ཁེ་ཆང་གིས་སློབ་གསོས་མི་རིགས་ཀྱི་རེ་བ་དང་འབྱུང་འགྱུར་འཁུར་ཡོད་པ་དང་། དགེ་རྒན་ནི་རྒྱལ་ཁབ་ཐོག་ཁང་ཆེན་པོའི་རྨང་རྡོ་ལྟ་བུ་ཡིན། རྒྱལ་ཡོངས་ཀྱི་དགེ་རྒན་ཁྲི་1500ལྷག་ཙམ་གྱིས་འཛམ་གླིང་ཐོག་གཞི་རྒྱ་ཆེས་ཆེ་བའི་སློབ་གསོའི་མ་ལག་འདེགས་སྐྱོར་བྱེད་བཞིན་ཡོད་པས། སྤྱི་ཚོགས་ཀྱི་རྒྱུ་ནོར་རྩ་ཆེ་ཤོས་རེད། རང་རྒྱལ་གྱི་ཁྱབ་ཁོངས་ཁག་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དེ་མཐར་གཏུགས་ན་ཚང་མ་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་ངལ་རྩོལ་པ་དུང་ཕྱུར་མང་པོའི་བྱང་ཚད་མཐོ་རུ་བཏང་བ་ལས་བྱུང་བ་ཡིན་པས། དེ་དག་ཚང་མ་རྒྱ་ཆེའི་དགེ་རྒན་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་སྒྲུབ་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་གྲོང་གསེབ་ཀྱི་དགེ་རྒན་རྣམས་ཀྱིས་གྲོང་གསེབ་ཏུ་རྩ་བ་བཙུགས་ཏེ་དཀའ་སྡུག་མྱོང་བར་མི་འཛེམས་པ་དང་ཁེ་གྲགས་དོན་གཉེར་བྱེད་ཀྱི་མེད། ཁོང་ཚོས་སྡུག་ཡུས་མི་ཤོད་ལ་འགྱོད་པའང་མི་སྐྱེ་བའི་སྒོ་ནས་མཐའ་འཁྱོངས་བྱས་པ་དང་ལེགས་སྐྱེས་ཕུལ་བའི་དབང་གིས་ཤེས་བྱའི་བདུད་རྩི་མེས་རྒྱལ་གྱི་རི་གྲོང་ཁུག་ཀྱོག་གང་སར་ཁྱབ་པར་གནང་སྟེ་གྲོང་གསེབ་ཀྱི་ཕྲུ་གུ་ཚོའང་གྲོང་ཁྱེར་གྱི་ཕྲུ་གུ་ཚོ་དང་འདྲ་བར་སློབ་གསོ་ལེགས་པོ་ཐོབ་པ་དང་། དབུལ་ཞིང་ཕོངས་པའི་ཁྱིམ་དུད་མང་པོར་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་རེ་བ་ཡོད་པར་གནང་བས། འདིའང་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་གྱི་ཧེ་བག་ཆུང་དུ་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་རིམ་བཞིན་མངོན་འགྱུར་བྱེད་རྒྱུའི་གནད་འགག་ཆེ་བའི་བྱ་ཐབས་ཤིག་ཀྱང་རེད། གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་རྒྱུའི་འཆར་གཞི་དོན་འཁྱོལ་ལེགས་པོ་ཏན་ཏིག་བྱས་ཏེ་གྲོང་གསེབ་ཏུ་སློབ་ཁྲིད་གནང་བཞིན་པའི་རྒྱ་ཆེའི་དགེ་རྒན་རྣམས་ལ་བརྩི་བཀུར་བྱེད་པ་དང་། དྲིན་གཟོ་བ་ཡོད་པ། མདུན་ལམ་ཡོད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་སློབ་ཁྲིད་མི་སྐྱོང་དཔེ་བཟང་དང་གྲོང་གསེབ་ཀྱི་ཕུལ་བྱུང་
དགེ་རྒན་གྱི་འཐུས་ཚབ་ཚོར་མཇལ་འཕྲད་གནང་བ་མ་ཟད་
གསུང་བཤད་གལ་ཆེན་ཡང་གནང་བ།