མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་ཕྱོགས་ཀྱིས་ཏེའོ་ཡུས་གླིང་ཕྲན་གྱི་བདག་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་
བྱེད་ཀྱི་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་ཀྱི་མཚོ་ཁོངས་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཏེའོ་ཡུས་གླིང་ཕྲན་གྱི་བདག་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བསྐྱར་བསྒྲགས་གནང་བ་རེད།
         ཉིན་དེར་གསར་འགོད་པས་དྲིས་དོན། ཚེས་11ཉིན་རི་པིན་སྲིད་གཞུང་གིས་ཏེའོ་ཡུས་གླིང་ཕྲན“གཞུང་ཁོངས་སུ་གྱུར་པ”ཁྱབ་བསྒྲགས་བྱས་ནས་ལོ་གསུམ་འཁོར་བའི་དུས་དྲན་རེད། ཚེས་10ཉིན་རི་པིན་ནང་བློན་ཁང་གི་འགོ་འཛིན་ཅན་དབྱི་ཝུའེ་ཡིས། ཀྲུང་གོས་མུ་མཐུད་རི་པིན་གྱི་མཚོ་ཁོངས་སུ་འཛུལ་བར་བློ་ཕམ་སྐྱེ་ཞིང་། རི་པིན་གྱིས་རྒྱལ་ཁབ་ཀྱི་མཚོ་ཁོངས་བདག་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
         ཧུང་ལེས་ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་ཀྱི་མཚོ་ཁོངས་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཏེའོ་ཡུས་གླིང་ཕྲན་གྱི་བདག་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་བློ་སྟོབས་ལ་འགྱུར་བ་སྤུ་ཙམ་ཡང་མེད་ཅེས་བརྗོད་པ་རེད།