མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་23ཉིན། 17:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི་》(གཤམ་དུ་
《ཚད་གཞི་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ཚད་གཞི་དེ་གཞིར་བཟུང་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་2010ལོའི་ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་ཀྱི་ཚད་གཞི་འགའ་ཞིག་》དེས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་སྲིད་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལག་བསྟར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་སྦྲགས་ཚད་གཞི་དེས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལག་བསྟར་དགོས་མཁོ་གསར་པ་སྐོང་ཐུབ་ཀྱི་མེད་སྟབས་ཏང་ཀྲུང་དབྱང་གིས་དེར་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་པ་རེད།
         བརྡ་ཐོའི་ནང་《ཚད་གཞི་》དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་ལེན་བསྟར་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་ཏང་སྐྱོང་རྒྱུ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་གཙང་རང་འདོམས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཏང་གི་ཕུགས་འདུན་དང་། དད་སེམས། དམིགས་ཡུལ་བཅས་དང་སྲོལ་རྒྱུན་སྤྱོད་ཚུལ་བཟང་པོ་དག་གཙོ་བོ་སྤྱོད་ཚུལ་ལ་རག་ལུས་པ་བསྐྱར་འདོན་བྱས་པ་དེ་ནི་ཏང་གིས་སྲིད་བསྐྱངས་ཚུན་གྱི་དྲང་ཕྱོགས་ནས་དར་སྤེལ་གཏོང་བ་དང་ཏང་ཡོན་ཡོངས་ལ་ཕྱོགས་པའི་ཏང་ཡོངས་ཀྱི་སྤྱོད་གཙང་རང་འདོམས་ལས་དོན་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་དང་པོ་དང་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ཞིབ་ཚགས་སུ་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལག་བསྟར་གྲུབ་འབྲས་མཚོན་པ་དང་ཏང་ཡོན་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་མིག་མཐོང་ལག་ཟིན་ཐུབ་པའི་ཚད་གཞི་མཐོ་པོ་ཞིག་བཟོས་པར་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ཀུན་སྤྱོད་དོན་གཉེར་མཚོན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཏང་ནང་ཁུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་གནས་ཐུབ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པའི་ནན་བཤད་བྱས་པ་རེད།
         བརྡ་ཐོའི་ནང་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགན་འཁྲི་ཏན་ཏིག་ཁུར་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་《ཚད་གཞི་》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཐོག་བླང་བྱ་ཁག་ཏང་ཡོན་ཡོངས་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སེམས་ནང་བརྟན་པོ་ངེས་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་བླང་བྱ་དེ་བས་མཐོ་བ་དང་དེ་བས་ནན་པའི་ཐོག་ནས་སྣེ་ཁྲིད་དེ་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་ལག་བསྟར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ཚོས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲོལ་རྒྱུན་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་བཏང་སྟེ་སྤྱོད་གཙང་རང་འདོམས་ཚད་ལྡན་དུ་གཏོང་རྒྱུ་དེ་སེམས་ནང་འཇོག་པ་དང་ལག་ལེན་བསྟར་ནས་ཕུགས་འདུན་དང་། དད་སེམས། དམིགས་ཡུལ་བཅས་ཀྱི“མཐོ་ཚད”མཐའ་འཁྱོངས་ཀྱིས་གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་རྒྱུན་གནས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་《ཚད་གཞི་》དེ་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་ཀྱི་ཚད་གཞི་འགའ་ཞིག་》དུས་མཚུངས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ལུགས་བསྟན་ཡོད་པ་རེད།