མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་གནད་རྟོག་དཔྱོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་གསར་རྐྱང་ཞིག་འཛུགས་དགོས། 

—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་06ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། འགོ་འཛུགས་རྒྱུ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འགག་རྩའི་གོམ་སྟབས་ཤིག་ཡིན། ཕྱི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་འགོ་ཚུགས་ཀྱི་ལོ་གཅིག་ཡིན་པས་ཕྱི་ལོའི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་གལ་འགངས་ཆེན་པོ་རེད།
         “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཡག་པོ་ཞིག་ཧུར་ཐག་འཛུགས་དགོས”ཞེས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕྲད་པའི་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པ་དང་རྒྱང་བལྟའི་རང་བཞིན་གྱི་དབྱེ་ཞིབ་དང་ཚིག་ཐག་བཅད་ནས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་གསར་རྐྱང་ཞིག་འཛུགས་ཐུབ་ཕྱིར་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཡོད། འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་གོམ་སྟབས་ཡག་པོ་ཞིག་སྤོ་བའི་འགག་རྩ་ནི་དུས་གནས་རྟོག་དཔྱོད་ཀྱིས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུར་ཐུག་ཡོད།
         “ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་པར་རྩ་བའི་ཐོག་ནས་བརྗོད་ན་དཔལ་འབྱོར་གྱི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་ཡང་དག་དང་དཔལ་འབྱོར་གྱི་རྣམ་པར་ངོས་འཛིན་འཕྱུགས་མེད་བྱས་ནས་དུས་བབ་ལ་བསྟུན་ནས་འཆར་གཞི་འདིང་བ་དང་། དུས་བབ་ལ་བསྟུན་ནས་བྱ་སྤྱོད་སྤེལ་བ། དུས་བབ་དང་བསྟུན་ནས་བྱ་བ་སྒྲུབ་པ་བཅས་བྱེད་ཐུབ་པ་བྱེད་དགོས། སྤྱི་ཡོངས་ནས་བལྟས་ན་དཀའ་ཚེགས་དང་ཉེན་ཁ་མང་དུ་སོང་ཡང་དུས་དང་ལེགས་ཆ་ང་ཚོའི་ཕྱོགས་སུ་ཡོད།
         རྒྱལ་ནང་ལ་བལྟས་ན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ“དུས་གསུམ་སྣོལ་མའི”དུས་རིམ་དུ་སླེབས་པ་དང་། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་རྙིང་བརྗེ་རེས་བྱེད་བཞིན་ཡོད་པས་ཉམས་རྒུད་ཀྱི་གནོན་ཤུགས་ཆེ་བ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་མང་དུ་འགྲོ་བ་སོགས་ཀྱི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོ་སྔར་བཞིན་ཡོད་རུང་དུས་བབ་འཕེལ་ཕྱོགས་ཡག་པོ་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་ཕྱོགས་ནི་ཡག་པོ་ཡོད་པ་དང་། མི་མངོན་པའི་ནུས་ཤུགས་ཆེ་བ། ལྡེམ་ཤུགས་ཆེ་བ་བཅས་ཡོད་པས་སྒུལ་ཤུགས་གསར་པ་བརྟན་དུ་འགྲོ་བཞིན་ཡོད་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་ཏེ་ས་ཁུལ་མང་པོ་ཞིག་དང་ཐོན་ལས་མང་པོ་ཞིག་ཏུ་དགའ་བ་སྐྱེ་འོས་པའི་འགྱུར་ལྡོག་བྱུང་བ་དང་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱི་ཡོངས་ནི་བརྟན་པོ་ཡོད་པ་དང་། བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡག་པོ་ཡོད་པས་འདི་ལོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སྟེ“ལོ་ལྔ་ཚན་བཅུ་གསུམ་པ”འགོ་གསར་རྐྱང་ཞིག་འཛུགས་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
         རྒྱལ་སྤྱིའི་ཐོག་བལྟས་ན་ཕྱི་ལོར་འཛམ་གླིང་གི་དཔལ་འབྱོར་སྔར་བཞིན་ཉོབ་ཉམས་བསྐྱར་དར་གྱི་རྣམ་པ་ཐོན་ནས་གཏན་འཁེལ་མིན་པ་དང་བརྟན་པོ་མིན་པའི་རང་བཞིན་ཆེ་ཙམ་ཡོད་པས་གློ་བུར་རང་བཞིན་གྱི་དོན་རྐྱེན་ཐོན་ཤས་ཆེ་ཙམ་ཡོད། འོན་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་འཕར་བ་དང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། དུས་ཐུང་གི་མ་རྩ་འཁོར་རྒྱུག་དང་ཡུན་རིང་གི་མ་རྩ་འཇོག་པ། ཚན་རྩལ་གསར་གཏོད་དང་ལས་ཞུགས་ལ་སྐུལ་མ་གཏོང་བ། དཔལ་འབྱོར་འཕར་བ་དངཡོང་འབབ་བགོ་བཤའ་བཅས་དབར་གྱི་འབྲེལ་བ་ཆེན་པོ་དེ་དག་ལ་ཚད་མཐོའི་དོ་ཁུར་བྱས་ནས་ཁ་གཏད་ཧུར་ཐག་གཅོག་བཞིན་ཡོད། རང་རྒྱལ་ལ་འཕྲད་པའི་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་དང་འགྱུར་བ་ཆེ་བས་གོ་སྐབས་ཀྱིས་ཁེངས་པ་མ་ཟད་འགྲན་སློང་ཡང་ལྡན་ཡོད་ཅེས་ཤོད་ཆོག གལ་སྲིད་ང་ཚོས་ཞིབ་འཇུག་གཏིང་ཟབ་བྱས་ནས་དུས་ཐོག་ཏུ་ཉེན་བརྡ་སྔོན་གཏོང་དང་། སྔོན་ཇུས་འདིང་བ། སྔོན་ནས་ཚོད་འཛིན་བཅས་བྱས་ནས་འཐབ་ཇུས་རང་འགུལ་མཐའ་འཁྱོངས་བྱེད་པ་དང་། ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། མུ་མཐུད་རང་ཉིད་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་སྟོབས་ཤུགས་དང་འཇམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ་གཞི་ནས་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཕྱི་རོལ་གྱི་ཆ་རྐྱེན་ལེགས་པར་བསྐྲུན་ཐུབ།
         དུས་གནད་རྟོག་དཔྱོད་བྱེད་པར་འགག་རྩ་ནི་འཐབ་ཇུས་གོ་སྐབས་རིང་གི་འཕོ་འགྱུར་གཏིང་ཟབ་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་དེ་བས་ནུས་ལྡན་གཅོག་པ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་ཐུག་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”འགོ་གསར་རྐྱང་ཞིག་འཛུགས་པར་རྩ་བ་ནི་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་ཀྱིས་འཕེལ་རྒྱས་ཀྱི་སྣེ་འདྲེན་བྱེད་པ་དང་འཕོ་འགྱུར་ལ་སྐུལ་མ་བཏང་སྟེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ནང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དྲང་གཞག་དེ་བས་ལྡན་པ། རྒྱུན་སྲིང་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་མ་ཧུར་ཐག་གཏོང་དགོས།
         འགོ་ཡག་པོ་ཞིག་རྩོམ་ཐུབ་པ་ནི་གྲུབ་འབྲས་ཕྱེད་ཀ་ཐོབ་པ་དང་ངོ་མཚར་ཆེ་བའི་འགོ་ཚུགས་ནི་རྒྱལ་ཁ་ཐོབ་རྒྱུའི་འགག་རྩ་རེད། ང་ཚོས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་པོ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱས་ནས་བློ་རྩ་བརྟན་པོས་སྒྱུར་བཅོས་ལ་སྐུལ་མ་བཏང་ཚེ“ལོ་ལྔ་ཚན་བཅུ་གསུམ་པ”འགོ་གསར་རྐྱང་ཞིག་འཛུགས་རྒྱུར་བློ་ཡིད་ཚིམ་པའི་ལན་ཞིག་རྒྱག་ཐུབ།

  
2015-12-31