མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱི་རག་གི་ཙུང་ལི་ཨ་པ་ཏི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དབྱི་རག་གི་ཙུང་ལི་ཨ་པ་ཏི་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱི་རག་གི་ཙུང་ལི་ཨ་པ་ཏི་དང་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཀྲུང་དབྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་གནང་བ་རེད།
          ཞིས་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་ཀྲུང་དབྱིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་བབ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་དབྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླད་ཕྱིན་འཕེལ་རྒྱས་གཏོང་ཆེད་དེ་བས་བརྟན་པའི་རྨང་གཞི་བཏིང་ཡོད། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བྱས་ནས་ཀྲུང་དབྱིའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པ་དང་དེ་བས་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས།
           ཞིས་ཅིན་ཕིང་གིས་ཆབ་སྲིད་སྒྱུར་བཅོས་ལ་སྐུལ་འདེད་དང་། དཔལ་འབྱོར་མགྱོགས་མྱུར་བསྐྱར་སྐྲུན། བདེ་འཇགས་དུས་བབ་ལེགས་གཏོང་བཅས་ཐད་ཀྱི་དབྱི་རག་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་རེད། ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དབྱི་རག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་ཆེད་བཏོན་པའི་འབད་བརྩོན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་དབྱི་རག་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། དབྱི་རག་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་སྤྱད་པའི་བྱེད་ཐབས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་དབྱི་རག་ཕྱོགས་དང་ཁྱབ་ཁོངས་དེའི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཉམ་ལས་བྱེད་པ། དབྱི་རག་གིས་ནུས་རྒྱུ་དང་། གློག་ཤུགས། འཕྲིན་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་བསྐྱར་སྐྲུན་བྱེད་རོགས་བྱེད་པ། ཀྲུང་གོའི་ཁེ་ལས་དབྱི་རག་གི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་མ་དངུལ་བསྡུ་གཏོང་ཐད་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ཕྱོགས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྦྱོང་བྱས་ནས་དབྱི་རག་གི་གཞོན་ནུ་དང་། མཁས་དབང་། གསར་འགྱུར་ལས་རིགས། རིག་མཛོད་མི་སྣ་བཅས་ཀྲུང་གོར་ཡོང་ནས་སྤེལ་རེས་བྱེད་པའི་གོ་སྐབས་མཁོ་འདོན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་རེད།
           ཨ་པ་ཏིས་དབྱི་རག་དང་ཀྲུང་གོ་ནི་གནའ་བོའི་ཤེས་དཔལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ད་ཐེངས་ངས་ཀྲུང་གོར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་དཔལ་འབྱོར་དང་། ནུས་རྒྱུ། གློག་ཤུགས། འཕྲིན་གཏོང་། རྨང་གཞིའི་སྒྲིག་བཀོད། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་དབྱི་རག་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དབྱི་རག་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་དང་དེར་དགོས་ངེས་ཀྱི་འགན་སྲུང་ཧུར་ཐག་བྱེད་འདོད་ཡོད། དབྱི་རག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་སྒྲུབ་འབད་བརྩོན་བྱས་ནས་ཞི་བའི་ངང་སི་རི་ཡའི་གནད་དོན་ཐག་གཅོད་བྱས་ཏེ་ས་ཁུལ་དེ་གའི་རྒྱུན་མཐུད་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་མོས་མཐུན་ཡོད་ཅེས་གསུངས།

  
2015-12-17 215-12-09 2015-12-06