མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གཏན་ཚིགས་ལ་བརྩི་སྲུང་ཞུས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་རང་
འགུལ་ངང་སྣེ་ཁྲིད་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         “རྒྱུན་རྣམ་གསར་པ་ངོས་འཛིན་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་ཞིག་ཡིན་པ་དེ་ནི་ང་ཚོས་འཛམ་གླིང་གི་དཔལ་འབྱོར་དུས་འཁོར་རིང་པོ་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་དེ་བཞིན་ཕན་ཚུན་ནུས་པ་ཐོན་རེས་བྱེད་པར་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་ཐག་གཅོད་གལ་ཆེན་བྱས་པ་ཞིག་ཡིན” ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འགག་རྩ་ནི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐག་གཅོད་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། གཏན་ཚིགས་ཆེན་པོར་བརྩི་སྲུང་ཞུ་བ། འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་དགེ་མཚན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འདོན་སྤེལ་བྱེད་དགོས་པ་དེ་རེད།
         དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པར་དང་ཐོག“ཇི་ལྟར་བྱས་ནས་ལྟ་བའི”གནད་དོན་ཐག་གཅོད་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་རགས་ལས་ནས་ལེགས་བསྡུས་ཞིབ་གཉེར་དང་ལས་བགོས་སྟབས་བདེ་ནས་ལས་བགོས་རྙོག་འཛིང་ཕྱོགས་ཀྱི་མཐོ་རིམ་རྣམ་པའི་ཕྱོགས་སུ་རིམ་བཞིན་འཕེལ་འགྱུར་བྱུང་བ་དེ་ནི་དཔལ་འབྱོར་འཕེལ་རྒྱས་ཆོས་ཉིད་ཀྱི་ཕྱི་རོལ་ཡུལ་གྱི་རེ་བ་ཞིག་ཡིན། མུ་མཐུད་དེ་སྔའི་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་ལ་གཞིགས་ནས་བྱ་བ་བསྒྲུབས་ཚེ་ཉིན་གཅིག་ཐར་ས་མེད་པའི་སྲང་ལམ་དུ་སླེབས་སྲིད། ཚབས་ཆེ་ཙམ་གྱི་གྲུབ་ཆའི་རང་བཞིན་གྱི་ཐོན་ནུས་ཆེ་དྲགས་པའི་ཐར་ས་མེད་པའི་ལོ་རྒྱུས་ཀྱི་འགག་སྒོའི་མདུན་དུ་གོ་སྐབས་དམ་འཛིན་བྱས་ནས་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱས་ཚེ་བདེ་བླག་ངང་འགག་སྒྲོལ་བྱེད་ཐུབ། མཁོ་སྤྲོད་ཕྱོགས་དང་། གྲུབ་ཆའི་རང་བཞིན། སྒྲིག་གཞིའི་རང་བཞིན་བཅས་ཀྱི་འགལ་བ་གཏིང་ཟབ་ལ་ཕྱོགས་ནས་གྲུབ་ཆར་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་ཀྱི་གྲུབ་ཆར་འཚམ་པའི་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་བ། གནད་ཆེའི་རྒྱུ་རྐྱེན་ཚང་མའི་ཐོན་སྐྱེད་ཚད་གཞི་མཐོ་རུ་གཏོང་བཅས་བྱས་ཚེ་ནུས་ལྡན་ངང་སེལ་ཐུབ། བསམ་གཞིག་ཐད་ཀྱི་གཏན་ཚིགས་དང་བྱེད་ཐབས་རྙིང་པར་བརྟེན་ནས་འཕར་ཚད་མཐོ་པོ་མངོན་པར་བྱེད་པའི་བསམ་བློ་རྦད་དེ་དོར་བ་དང་། “མྱུར་ཚད་ཀྱི་བསམ་བློ”དང“རིམ་བརྗེས་སེམས་ཁྲལ”གྱི་བསམ་གཞིག་བྱེད་སྟངས་ལས་ཐར་བ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་ཚད་མགྱོགས་སུ་གཏོང་བ། འཕར་བའི་སྒུལ་ཤུགས་གསར་པ་ཆགས་རྒྱུ་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཚེ་གཞི་ནས“ཡོང་འབབ་འབྲིང་བའི་རྒྱ་རྙི”ལས་བརྒལ་ཐུབ་པ་དང་རང་རྒྱལ་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་དང་ལེགས་ཆ་ཆེན་པོ་འདོན་སྤེལ་ཐུབ་ནས་རང་རྒྱལ་གྱི་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་ཐུབ།
         དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་ལྟེ་གནས་ནི“ཇི་ལྟར་བྱས་ནས་སྒྲུབ་པའི”གནད་དོན་ཡིན། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཕྱོགས་མང་བའི་ལས་དོན་གྱི་གཙོ་གནད་བསྒྱུར་རྒྱུ་མངོན་འགྱུར་བྱེད་པའི“དེ་བས་སྣང་ཆེན་བྱེད་དགོས་པ་བཅུ”བཏོན་པ་དེ་ནི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་བརྟག་ཐབས་སྨྲ་བ་དང་ལག་ལེན་གྱི་རྣམ་བཤད་ཡིན་ཞེས་བརྗོད་ཆོག་པ་དཔེར་ན། དེ་སྔ་གཙོ་བོ་མྱུར་ཚད་ཇི་ལྟར་མགྱོགས་པོ་ཡོད་མིན་ལ་ལྟ་བ་དང་ད་ཆ་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཇི་ལྟར་ཡག་པོ་ཡོད་མིན་ལ་ལྟ་བ་དང་། དེ་སྔ་གྲོང་རྡལ་ཅན་ལ“དངོས་པོ་མཐོང་ཡང་མི་མི་མཐོང་བ”དང་ད་ཆ་མི་ལྟེ་བར་བྱས་ནས་མི་དེ་བས་མང་བ་ཞིག་འབྱུང་གཞི་ཡིན་པའི་གྲོང་རྡལ་ཐོག་འདྲེས་པ་བྱེད་དགོས། འཕོ་འགྱུར་དེའི་ནང་འདུས་པ་ནི་བསམ་གཞིག་དང་ཐབས་ཤེས་ཡིན། མདོར་ན། འཕེལ་ཕྱོགས་ཆེན་པོ་ཡིན་པའི་རྒྱུན་རྣམ་གསར་པ་དང་བསྟུན་ནས“དེ་བས་སྣང་ཆེན་བཅུ”ཐུབ་པ་བྱས་ཚེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་ནུས་ལྡན་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཐུབ།
         གཏན་ཚིགས་ཆེན་པོར་བརྩི་སྲུང་ཞུ་མིན་དང་བྱས་རྗེས་གསར་པ་འཇོག་ཐུབ་མིན་དེ་ནི་རིམ་ཁག་ལས་བྱེད་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་རེད། རྒྱུན་རྣམ་གསར་པར་སླེབས་རྗེས་བློ་མཐུན་མི་ཉུང་བ་ཞིག་གི་ངོས་འཛིན་རིམ་བཞིན་གཏིང་ཟབ་ཏུ་སོང་བ་དང་། དེ་བས་རང་འགུལ་དང་འཚམ་པ། སྣེ་ཁྲིད་བྱེད་འགོ་ཚུགས་པ་བཅས་རེད། འོན་ཀྱང་བློ་མཐུན་ཁག་གཅིག་གིས་ཇི་ལྟར་བྱས་ནས་སྒྲུབ་ན་ཡག་པ་ཡོད་པ་མི་ཤེས་པ་དེ་ནི“ཐབས་ཤེས་རྙིང་པ་སྤྱོད་མི་ཆོག་པ་དང་ཐབས་ཤེས་གསར་པ་སྤྱོད་མི་ཤེས་པ”ཞེས་པ་ལྟར་རེད། རྒྱུན་རྣམ་གསར་པར་ངོས་འཛིན་ཟབ་ཏུ་གཏོང་བ་དང་རིམ་བཞིན་འཚམ་པ་བྱེད་པའི་བརྒྱུད་རིམ་ཞིག་ཡོད་དགོས། འོན་ཀྱང་འཚམ་པ་བྱེད་རྒྱུ་དེ་ངེས་པར་དུ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་མནོ་བསམ་གང་མང་བཏང་ནས་འཚམ་པ་བྱ་རྒྱུ་དེ་བས་མགྱོགས་པ་དང་དེ་བས་ལེགས་པ་བྱེད་དགོས་པ་ལས་སྒུག་པ་དང་བལྟས་ནས་སྡོད་རྒྱུ་མེད། ད་ཆ་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རྒྱུན་རྣམ་གསར་པར་ལྟ་སྟངས་ཇི་ལྟར་འཛིན་པ་དང་རྒྱུན་རྣམ་གསར་པའི་འོག་ཇི་ལྟར་བྱས་ནས་སྒྲུབ་དགོས་པའི་གནད་དོན་ལ་ལན་གཏིང་ཟབ་བརྒྱབ་ཡོད། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ནན་ཏན་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་དང་། བློ་ཁོག་ཆེན་པོས་གསར་གཏོད་བྱས་ཚེ་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་ཁྲོད་བྱས་རྗེས་འཇོག་ཐུབ་པ་དང་མདུན་ལམ་ཆེན་པོ་ལྡན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་དེ་དངོས་ཡོད་དུ་གྱུར་ཏེ“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་དེ་ཐག་རིང་དུ་བརྟན་པོར་བསྐྱོད་ཐུབ།
               ——ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།

  
2015-12-31