མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་5ནས་6ཉིན་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཆན་བཀོད་མཛུབ་སྟོན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གི་མཆན་བཀོད་མཛུབ་སྟོན་ནང་། གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་དུས་བབ་གསར་པའི་འོག་མི་རིགས་ཀྱི་ལས་དོན་དང་གྲོང་ཁྱེར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། དེར་བརྟེན་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་ལམ་བུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་དོ་དམ་བྱས་ནས། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ལྟེ་བར་བྱེད་པ་དང་། གྲངས་ཉུང་མི་རིགས་ཕྱོགས་མིའི་ཞབས་ཞུ་དོ་དམ་ཡག་པོ་བྱ་རྒྱུ་གཙོ་གནད་དུ་བྱེད་པ། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་གྱི་མི་རིགས་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་ནང་དེ་བས་ལེགས་པའི་ངང་དང་ལེན་ཐུབ་པ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་ནང་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཐུབ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་སྒྲིག་སྲོལ་ལམ་སྲོལ་དང་ལས་ཀའི་རྣམ་པ་འཐུས་ཚང་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་སྙིང་ཉེ་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ལུགས་བསྟན་ཡོད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། གྲོང་ཁྱེར་གྱི་མི་རིགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་དེ་མི་རིགས་ཀྱི་ལས་དོན་དང་གྲོང་ཁྱེར་གྱི་ལས་དོན་གྱི་སྤྱི་ཡོངས་གཉིས་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། དེར་བརྟེན་གྲོང་ཁྱེར་གྱི་སྣེ་ཁྲིད་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས། འགྲོ་ཡུལ་དང་ཐོན་ཡུལ་གྱི“སྣེ་གཉིས”འབྲེལ་མཐུད་ཡག་པོ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། བྱེད་ཐབས་དང་གཞི་རྟེན་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོ་དང་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས། སྡེ་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་བསྐྲུན་དགོས། དེ་དང་ཆབས་ཅིག་མི་རིགས་ཀྱི་ཆོས་ལུགས་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་བྱས་ནས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་འགོག་ཟོན་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་ཏང་གིས་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་མི་རིགས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་མཉམ་དུ་དེའི་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་ངང་བྱེད་པ་བཅས་བྱས་ཏེ་རང་རྒྱལ་གྱི་གྲོང་ཁྱེར་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

  
2015-12-31