མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2016ལོའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་
བུད་མེད་ཀྱི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་09ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་བུད་མེད་ཀྱི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་སྣེ་ལེན་ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་གི་བུད་མེད་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། ཁོང་གིས་2015ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་གནང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐོབ་སེམས་དེ་བས་མང་བ་བྱུང་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ཡིས་མཉམ་ལས་བྱས་ཏེ་གཉེར་བའི་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་དེ་འཛམ་གླིང་གི་བུད་མེད་ལས་འགུལ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པར་གྱུར་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཡོངས་ལ་ཞབས་ཞུ་དང་བུད་མེད་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པ་དང་རྒྱ་ཆེའི་བུད་མེད་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཧུར་ཐག་ཞུགས་ཏེ་བུད་མེད་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་སོང་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགོ་ཚུགས་ལོ་འདིར་ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་བྱེད་པ། བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཀྲུང་གོས་རྒྱལ་ཁབ་ཁག་གི་བུད་མེད་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་དང་མཉམ་སྤྱོད་བྱ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་སུང་ཤིའུ་ཡན་གྱིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་བུད་མེད་འགོ་ཁྲིད་དང་། ཁང་གཉིས་ཀྱི་བུད་མེད་ཡོན་ཧྲི། ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་བུད་མེད་འཐུས་མི་དང་སྲིད་གྲོས་ཀྱི་བུད་མེད་ཨུ་ཡོན། པེ་ཅིང་དུ་ཡོད་པའི་བུད་མེད་དམག་དཔོན་སོགས་ཀྲུང་གོའི་ལས་རིགས་ཁག་གི་བུད་མེད་འཐུས་མི་དང་དེ་བཞིན་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་བུད་མེད་གཞུང་ཚབ་ཆེ་མོ་བ་དང་། གཞུང་ཚབ་ཆེ་མོ་བའི་བཟའ་ཟླ། བུད་མེད་ཕྱི་འབྲེལ་དཔོན། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་སྒྲིག་གཞིའི་འཐུས་མི། ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་བུད་མེད་རིགས་གཅིག་མཁས་ཅན་དང་། དེ་བཞིན་རིགས་གཅིག་མཁས་ཅན་གྱི་བཟའ་ཟླ་སོགས་མི་1000ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།