མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སུ་དགུན་དུས་ཆར་ཆུ་འབབ་ཚད་ལོ་65རིང་གི་མང་ཤོས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། འདི་ལོའི་དགུན་ཁར་(2015ལོའི་ཟླ་12ནས་2016ལོའི་ཟླ་2པ་བར)རྒྱལ་ཡོངས་སུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་62.3ཟིན་ནས། དེ་སྔའི་དུས་མཚུངས་དང་བསྡུར་ན་52.7%མང་བ་བབས་པ་དེ་1951ལོ་ཚུན་གྱི་དུས་མཚུངས་ཀྱི་ཆར་ཆུ་བབས་མང་ཤོས་ཡིན་པ་རེད།
         ཀྲུང་གོ་གནམ་གཤིས་ཅུས་འཕྲལ་སྡོམ་གེགས་སེལ་དང་སྤྱི་པའི་ཞབས་ཞུ་སིའི་སི་ཀྲང་ཀྲང་ཙུའུ་ཆང་གིས་ངོ་སྤྲོད་བྱས་དོན། བར་མཐོངས་ཁྱབ་ཚུལ་ནས་བལྟས་ཚེ། བྱང་ཤར་ས་ཁུལ་མང་ཆེ་བ་དང་། ཀྲུང་ཧྭ་བྱང་རྒྱུད་ས་ཁུལ་མང་ཆེ་བ། ནང་སོག་ས་ཁུལ་མང་ཆེ་བ། ནུབ་བྱང་ས་ཁུལ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད། ཀྲུང་ཧྭ་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་མང་ཆེ་བ། བོད་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་སོགས་ས་ཆར་ཆར་ཆུ་བབས་ཚད་བཅུ་ཆ་ལྔ་ནས་ལྡབ་2བར་མང་བ་དང་། ས་ཁུལ་ཁག་གཅིག་ལ་ལྡབ་2ཡན་མང་བ་ཡོད། རྒྱལ་ཡོངས་ཀྱི་ས་ཆ་418ལ་ཉིན་རེའི་ཆར་ཆུ་འབབ་ཚད་དེ་ཟླ་དེའི་ཉིན་རེའི་ཆར་ཆུ་འབབ་ཚད་མཐོ་ཤོས་ལས་བརྒལ་བ་དང་། གཙོ་བོ་ཀྲུང་ཧྭ་བྱང་རྒྱུད་ཀྱི་ཤར་ལྷོའི་རྒྱུད་དང་། རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་རྒྱུད་དང་ཀྲུང་ཧྭ་ལྷོ་རྒྱུད་སོགས་ས་ཆར་ཁྱབ་ཡོད་པ་དང་། དེའི་ནང་ཀོང་ཤིས་པེ་ཧའེ་(ཧའོ་སྨི་200.9)དང་ཀོང་ཀྲོའུ་ཀའོ་ཀྲོའུ་(ཧའོ་སྨི་184.3)སོགས་ཀྱི་ས་ཆ་204རུ་ཉིན་རེར་ཆར་ཆུ་འབབ་ཚད་དེ་ས་ཆ་དེ་གའི་དགུན་དུས་ཉིན་རེའི་ཆར་ཆུ་བབས་ཚད་མཐོ་ཤོས་ལས་བརྒལ་ཡོད་པ་རེད།