མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ལི་གོས་གྲོང་གསེབ་ཀྱི་རྒན་གསོ་ཞབས་ཞུའི་ལས་རིགས་ནི་གཙོ་གནད་དང་གཟིགས་སྐྱོང་
བྱ་ཡུལ་ཡིན་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་12ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་མཁན་དམངས་སྲིད་པུའི་པུའུ་ཀྲང་ལི་ལི་གོས་ཚེས་9ཉིན་གྱི་ཕྱི་དྲོ“པུའུ་ཀྲང་འབྲེལ་ལམ”ནས་སྐྱོད་སྐབས་གྲོང་གསེབ་ཀྱི་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་ཚད་གྲོང་ཁྱེར་དང་བསྡུར་ན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་དེ་ནི་སླད་ཕྱིན་གྱི་དུས་མཚམས་ཤིག་རིང་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་གཙོ་གནད་དང་གཟིགས་སྐྱོང་བྱ་ཡུལ་ཡིན་ཞེས་གསུངས་པ་རེད།
         “གྲོང་གསེབ་ཀྱི་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ཐོག་མར་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ནུས་པར་གཞིགས་ཏེ་རོགས་རེས་རྣམ་པའི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། གཉིས་ནས་མི་སྣ་དབུལ་པོའི་བསྙེན་བཀུར་སྒྲིག་གཞི་ཞེས་ཀྱང་བརྗོད་པའི་ཤང་དང་གྲོང་རྡལ་གྱི་རྒན་གསོ་ཁང་གི་ནུས་པ་དེ‘མེད་པ་གསུམ་གྱི་མི་སྣའི’དམིགས་སུ་གཏན་འཁེལ་བྱ་ཡུལ་ནས་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་པ་འཐུས་ཚང་། མི་སྣ་བཀོད་སྒྲིག་བཅས་སུ་རྒྱ་བསྐྱེད་བཏང་ནས་ཡུལ་དེའི་རྒན་གསོ་ཞབས་ཞུའི་ལྟེ་གནས་སུ་འགྱུར་བ་བྱས་ཏེ་ཁྱབ་འགྱེད་ཞབས་ཞུའི་ནུས་པ་ཐོན་པ་བྱེད་དགོས”ཞེས་ལི་ལི་གོས་གསུངས་པ་རེད།
         “ང་ཚོས་ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་རྟེན་སར་བྱེད་པ། སྒྲིག་གཞི་ཁ་གསབ་ཏུ་བྱེད་པ། སྨན་བཅོས་དང་རྒན་གསོ་ཟུང་དུ་འབྲེལ་བ་བཅས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་བསྐྲུན་མགྱོགས་སུ་གཏོང་དགོས། ས་གནས་ཀྱི་ཚད་ལེན་ཞིབ་རྩིས་གཞིར་བཟུང་། སྒྲིག་གཞིའི་རྒན་གསོ་བྱ་ཡུལ་གཙོ་བོ་ནི་ངལ་རྩོལ་ནུས་པ་མེད་པ་དང་ལོ་ན་མཐོ་བའི་རྒན་རྒོན་དང་དགོས་མཁོ་ཡོད་པའི་རྒན་རྒོན་གཞན་དག་ཡིན་པ་དག་གིས་རྒན་རྒོན་བསྡོམས་འབོར་གྱི་3%ནས་4%བར་བཟུང་ཡོད། རྒན་རྒོན་མང་ཆེ་བས་ཁྱིམ་སྡོད་རྒན་གསོ་བྱེད་སྟངས་གདམ་ག་བྱེད་པ་དང་དེ་ནི་རྒན་རྒོན་ཚོས་ཁྱིམ་དུ་སྤྱི་ཚོགས་ཞབས་ཞུ་ལོངས་སྤྱོད་བྱེད་པ་ཞིག་ཡིན”ཞེས་ལི་ལི་གོས་གསུངས་པ་རེད།
          ལི་ལི་གོས་ཤང་ཀང་དང་ཨའོ་མོན་གྱི་ཞབས་ཞུ་བྱེད་མཁན་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ནང་རྒན་གསོ་ཞབས་ཞུ་བྱེད་མཁན་དང་ནང་སའི་ཞིང་ཆེན་དང་ལྷག་པར་དུ་ཀོང་ཏུང་ཕུའུ་ཅན་དུ་བཙུགས་པའི་ཁེ་གཉེར་མིན་པའི་རང་བཞིན་གྱི་རྒན་གསོའི་སྒྲིག་གཞི་ཚུད་ཡོད། ཁེ་གཉེར་མིན་པའི་རྒན་གསོའི་སྒྲིག་གཞིའི་ངོ་བོ་གཞིར་བཟུང་། ཤང་ཀང་གི་རྒན་གསོའི་ཞབས་ཞུ་བྱེད་མཁན་གྱིས་ཀྱང་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་ཅེས་གསུངས་པ་རེད།