མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་
གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་12ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། ཨུ་ཡོན་15ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ཏེ་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།
          ཨུ་ཡོན་ལི་དབྱི་ཉིང་གིས་དཔལ་འབྱོར་གྱི་འཁོར་སྐྱོད་རྒྱུན་རྣམ་གསར་པར་སླེབས་པའི་གནས་ཚུལ་འོག་མཁོ་སྤྲོད་ཕྱོགས་ཀྱི་འཕེལ་ཤུགས་མིག་སྔར་རྒྱལ་ཡོངས་གོང་འོག་ཚང་མས་དོ་ཁུར་བྱ་ཡུལ་གཙོ་གནད་དུ་འགྱུར་བཞིན་ཡོད། མཁོ་སྤྲོད་ཕྱོགས་ཀྱི་འཕེལ་ཤུགས་ཀྱི་ནང་དོན་གཙོ་བོ་ནི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་དེ་ཡིན་པ་དང་། གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཐད་འཕྲལ་དུ་སྒྲུབ་དགོས་པའི་བྱ་བ་ནི་གཞུང་ཁོངས་ཁེ་ལས་ལ་སྒྱུར་བཅོས་བྱ་རྒྱུ་དེ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
          ཨུ་ཡོན་ཁོའོ་པིང་ཧྲེང་གིས“ལོ་ལྔ་ཚན་བཅུ་གསུམ་པར”ཕྱོགས་སྐབས་འགག་རྩ་ནི“ཞིང་གསུམ”གྱི“གལ་ཆེའི་ནང་གི་འགངས་ཆེའི”གནས་བབ་དོན་འཁྱོལ་ཡག་པོ་བྱས་ནས་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ལག་ལེན་བསྟར་ཤུགས་ཆུང་དུ་མི་འགྲོ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་སྲིད་ཇུས་གསར་གཏོད་དང་། རྩ་འཛུགས་གསར་གཏོད། ཚན་རྩལ་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དེང་རབས་ཞིང་ལས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་ཞིང་ལས་ཐོན་སྐྱེད་བྱེད་སྟངས་འགྱུར་དགོས་ཞེས་བཏོན་གནང་བ་རེད།
          ཨུ་ཡོན་ནན་ཚུན་ཧུའེ་ཡིས་ཟླ་3ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཚོགས་ཆུང་གི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་ལས་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་གང་ལེགས་མཚོན་པས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་བློ་བདེའི་རིལ་བུ་ཞིག་སྦྱིན་པ་དང་མཚུངས་སྟབས་ང་ཚོ་བློ་བདེ་པོ་དང་ཡིད་ཆེས་ཀྱིས་ཁེངས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་མདུན་ལམ་གསར་པ་ཞིག་ཡོང་རྒྱུ་རེད་ཅེས་གསུངས་པ་རེད།
          ཨུ་ཡོན་ལི་ཏའོ་ཁུའེ་ཡིས་རྐང་འཛིན་ཁྲོམ་ར་དང་དངུལ་ལོར་གྱི་འཛའ་ཐང་ཁྲོམ་ར་བརྟན་དུ་གཏོང་རྒྱུ་ནི་མིག་སྔའི་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་གྱི་བརྒྱུད་རིམ་ཁྲོད་ངེས་པར་དུ་རྒྱལ་ཁ་ལེན་དགོས་ངེས་ཀྱི་དམག་འཐབ་དྲག་པོ་ཞིག་རེད་ཅེས་བཏོན་པ་དང་། ཁོང་གིས་གཞི་རྩ་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་ངང་ས་ཁོངས་སྒྲོལ་བའི་མ་རྩ་འཁོར་རྒྱུག་ལ་དོ་དམ་བྱེད་པ་དང་དངུལ་རྩའི་ཁྲོམ་རའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།
         ཨུ་ཡོན་ཁྲེན་ཀྲང་ལེའང་གིས་ཞིང་ལས་ལས་རིགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་ཐད་འགོ་འཛུགས་ས་ཡག་པོ་ཞིག་བྱུང་བ་མ་ཟད། དོ་སྣང་བྱེད་དགོས་པའི་སྣང་ཚུལ་ཁ་ཤས་ཀྱང་ཐོན་ཡོད་པས་དབུལ་པོ་ཚབས་ཆེའི་རིགས་དང་བལྟོས་བཅས་ཀྱི་དབུལ་པོ་དང་། དབུལ་སྒྲོལ་དང་དབུལ་ཞྭ་འཕུད་པ། མཐའ་ཚད་ཀྱི་དམིགས་ཚད་དང་སྤྱིའི་དམིགས་ཚད། སྲིད་གཞུང་གིས་གཙོ་ཁྲིད་དང་མང་ཚོགས་གཙོར་འཛིན་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།