མི་དམངས་དྲ་བ།

༄༅།།བྱམས་པ་ཕུན་ཚོགས་ཀྱིས་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་05ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།བྱམས་པ་ཕུན་ཚོགས་ཀྱིས་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་ཞུས་པ།

         ཟླ་5ཚེས་2ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་(གཡས་)ཀྱིས་པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རུ་སེར་དུ་པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་འོག་མའི་འགོ་གཙོ་པུའུ་ལ་ཁེ་ལ་ཐུག་འཕྲད་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་ཧྲུར་ཚིའི་གདན་ཞུས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ཟླ་5ཚེས་1ཉིན་ནས་ཚེས་3ཉིན་གྱི་བར་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་ཞུས་པ་མ་ཟད། རེ་རེ་བཞིན་དུ་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་ཧྲུར་ཚི་དང་། དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་གཞོན་པ་དང་པོ་ཐཱ་ཡ་ཉི། ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལུའོ་ཁེ། སྤྱི་ཚོགས་ཏང་གི་ཏང་ཤོག་དང་ཚོགས་པ། ཀྲུང་གོའི་བར་གྱི་འབྲེལ་བའི་འཐུས་ཚབ་ཚོགས་པའི་སྲོག་ཤིང་ཚོ་ཆུང་སོགས་དང་གྲོས་མོལ་དང་ཐུག་འཕྲད་བྱས་པ་རེད།
         བྱམས་པ་ཕུན་ཚོགས་ཀྱིས་མིག་སྔའི་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད་ཅིང་། ཕྱོགས་གཉིས་ཀས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཧུར་བརྩོན་ཆེན་པོ་བྱས་ནས་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས། ཤེས་རིག་བཅས་རོགས་ཟླའི་འབྲེལ་བ་ཆེན་པོ་བཞིའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་འགྲོ་འོང་ཡང་ཡང་བྱས་ཏེ་མཉམ་ལས་རྐྱེན་སྲོལ་འཁོར་སྐྱོད་ཐོགས་པ་མེད་པར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ་རེད།
         ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་དགེ་མཚན་ལྡན་པའི་གདེང་འཇོག་བྱས་ནས་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀ་འཛམ་གླིང་ཡོངས་ཀྱི་རོགས་ཟླ་ཡིན་པའི་ཐོག་ནས་ཁྱབ་ཁོངས་ཁག་ཏུ་གླེང་མོལ་དང་མཉམ་ལས་ཟབ་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཐོག་ཁྲིམས་འཛུགས་ལས་ཁུངས་བར་གྱི་སྤེལ་རེས་ཆུ་ཚད་མཐོ་རུ་བཏང་སྟེ་ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དྲང་ནུས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་བྱས་པ་རེད།

ཟླ་5ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་(གཡས་)ཀྱིས་པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རུ་སེར་དུ་པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་འགོ་གཙོ་ཏེ་ཧྥུ་ལའེ་ཉེ་ལ་ཐུག་འཕྲད་བྱེད་པ།
ཟླ་5ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་(གཡས་)ཀྱིས་པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རུ་སེར་དུ་པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་འགོ་གཙོ་ཏེ་ཧྥུ་ལའེ་ཉེ་ལ་ཐུག་འཕྲད་བྱེད་པ།