མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་འགྲོ་
རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་མཁན་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་
མཁན་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་གིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་འགྲོ་
རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་མཁན་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་
མཁན་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་དུ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་དང་གསར་གཏོད་མཉམ་འགུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་ཚུལ་ལ་རྟོག་ཞིབ་གནང་བ་རེད།
         སྔ་དྲོ་ལི་ཁེ་ཆང་ཆིང་ཧྭ་སློབ་ཆེན་དུ་ཕེབས་ཤིང་། སློབ་གྲྭའི་ལོ་རྒྱུས་ཁང་དུ་སློབ་གྲྭའི་འགན་ཁུར་བས་ཆིང་ཧྭ་ཡིས་བརྒྱུད་མྱོང་བའི་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ངོ་སྤྲོད་བྱས་པ་རེད། ལི་ཁེ་ཆང་གིས་དགྱེས་ཚོར་ཆེན་པོས་འགྲེམས་པང་མདུན་དུ་བཞེངས་ནས་ཞིབ་ཕྲ་གཟིགས་པ་མ་ཟད། གྲགས་ཅན་གྱི་མཁས་དབང་ཁག་གཅིག་དང་སྤེལ་རེས་ཀྱང་གནང་བ་རེད། སློབ་གྲྭས་གཉེར་བའི་མི་རབས་བཞི་པའི་ཉིང་རྡུལ་ནུས་པའི་སྔོན་ཐོན་ལག་རྩལ་སོགས་རྣམ་གྲངས་གལ་ཆེན་གྱི་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས། ལི་ཁེ་ཆང་ཐུགས་མགུ་པོ་བྱུང་བ་རེད། ཁོང་གིས་གསར་གཏོད་ཐད་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་པ་མ་ཟད། རྒྱལ་སྤྱིའི་སྔོན་ཐོན་འདུ་ཤེས་དང་ཉམས་མྱོང་ལའང་དཔེ་ཧུར་ཐག་བལྟས་ཏེ་སློབ་གླིང་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིའི་དབར་གྱི་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་གཅིག་གི་ཐོག་མཉམ་བསྐྱོད་དང་ཞིབ་འཇུག་བྱེད་པའི་གནས་ཚུལ་མ་ཐོན་པ་བྱེད་པ་དང་འབྲེལ་ཤེས་ལྡན་མི་སྣ་དང་ཐོན་ཁུངས་དེ་བས་ལེགས་པའི་སྒོ་ནས་སྤྱད་དེ་མཉམ་ཤུགས་ཤིག་ཆགས་པ་བྱས་ཚེ་གསར་གཏོད་ཀྱི་མྱུར་ཚད་དེ་བས་མགྱོགས་སུ་འགྲོ་རྒྱུ་མ་ཟད། གྲུབ་འབྲས་ཀྱང་དེ་བས་མང་བ་ཐོབ་སྲིད་ཅེས་གསུངས་པ་རེད།
         ཚེ་སྲོག་ཚན་རིག་སློབ་གླིང་གི་སྤྲི་དཀར་སྒྲིག་བཀོད་ཚོད་ལྟའི་ལག་རྩལ་ལྟེ་གནས་སུ་ལི་ཁེ་ཆང་གིས་ལྟེ་གནས་དེའི་འགན་ཁུར་བའི་ཡོན་ཧྲིའི་ས་ནས་ཁོང་ཚོའི་ཞིབ་འཇུག་བྱ་ཡུལ་དང་བྱེད་ཐབས་རྩ་བའི་རིག་པ་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་བའི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་སྐབས། ཚོགས་པའི་ཁོངས་མི་ལོ་ན་ཕྲ་བ་དང་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་མི་སྣ་འབོར་ཆེན་གདན་དྲངས་ཁར་ཀླད་པའི་རྐྱེན་རྩ་ཞིབ་འཇུག་སོགས་ཀྱི་ཐད་འཛམ་གླིང་རིམ་པའི་གྲུབ་འབྲས་མང་པོ་ཐོབ་པ་མཁྱེན་སྐབས་ལི་ཁེ་ཆང་གིས་བསྔགས་བརྗོད་གནང་བ་རེད། ཁོང་གིས་ཁྱེད་ཚོའི་ཞིབ་འཇུག་ལས་དོན་དེ་མིའི་རིགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པས། དེ་བས་སྟབས་བསྟུན་གྱི་ཤེས་ལྡན་པའི་སྐུལ་ལྕག་ལམ་སྲོལ་ལ་བརྟེན་ནས་ཤེས་ལྡན་མི་སྣ་རྩེ་གྲ་དེ་བས་མང་པོ་གཅིག་སྡུད་བྱས་ཏེ་འགག་རྩའི་ལག་རྩལ་འགག་སྒྲོལ་ཐད་གོ་ལ་ཧྲིལ་པོར་སྣེ་ཁྲིད་ཐུབ་མཁན་ཞིག་ཏུ་བརྩོན་ཏེ། རང་རྒྱལ་གྱི་མི་འབོར་དུང་ཕྱུར་བཅུ་གསུམ་དང་ཐ་ན་མིའི་རིགས་ཚང་མའི་བདེ་ཐང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         བཟོ་སྐྲུན་སློབ་གླིང་དུ་ལི་ཁེ་ཆང་གིས་དགེ་སློབ་ཚོ་དང་སྤེལ་རེས་གནང་ནས་ཁོང་ཚོར་རང་རྒྱལ་འདི་ཉིད་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་སླེབས་པས་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་མཁོ་གི་ཡོད། དེར་བརྟེན་ཁྱེད་ཚོས་འཇོན་ཐང་ཧུར་ཐག་འདོན་པ་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ནང་ཞུགས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་སྐུལ་ལྕག་གནང་བ་རེད།
         “ཆིང་ཧྭ་སྨྱུག་ལེབ་དཔེ་ཆ”ནི་བསྟན་བཅོས་དང་ལོ་རྒྱུས་རིགས་ཀྱི་སྐོར་འབོར་ཆེན་བཀོད་པའི་ཀྲན་གོའི་རྒྱལ་རབས་ཀྱི་སྨྱུག་ལེབ་དཔེ་ཆ་ཞིག་ཡིན། ལི་ཁེ་ཆང་གིས་སྨྱུག་ལེབ་དཔེ་ཆ་གཅེས་ཉར་དང་སྲུང་སྐྱོང་བྱས་ཚུལ་ཞིབ་ཕྲ་གཟིགས་པ་དང་འབྲེལ་རིགས་གཅིག་མཁས་ཅན་དང་སྤེལ་རེས་གཏིང་ཟབ་གནང་ནས་སྨྱུག་ལེབ་དཔེ་ཆའི་ཞིབ་འཇུག་འཕེལ་རིམ་དེ་མིག་སྔའི་གནའ་གཞུང་གྲགས་ཅན་དབར་གྱི་ཧེ་བག་བསྡུར་བའི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཁྱེད་ཚོའི་ལས་དོན་ནི་དཔེ་མ་སྲིད་པ་ཞིག་རེད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཁྱེད་ཚོས་ཞིབ་འཇུག་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་མཉམ་ལས་ཀྱི་ལས་དོན་སྤེལ་ནས་ཤེས་རྟོགས་དེ་བས་མང་བ་ཐུབ་པ་བྱས་ཏེ་ལོ་རྒྱུས་རིག་པ་ཞིབ་འཇུག་ཐད་གི་སྟོང་ཆ་ཁ་ཤས་གསབ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཕྱི་དྲོ་ལི་ཁེ་ཆང་པེ་ཅིང་སློབ་ཆེན་དུ་ཕེབས་ཤིང་། སློབ་གྲྭའི་འགན་ཁུར་བས་པེ་ཅིང་སློབ་ཆེན་གྱི་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་པ་རེད། རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་དུ་ལི་ཁེ་ཆང་གིས་སྒྲོག་ཙེའི་ཐོག་བཀྲམ་པའི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ལ་གཟིགས་ཤིང་། ཁོང་གིས་མིག་སྔར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གདམ་གའི་དཀའ་གནད་མི་ཉུང་བ་འཕྲད་ཡོད་པ་དང་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་དང་རིམ་སྤོར་འཕེལ་རྒྱས་སོགས་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་གསར་གཏོད་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཤིང་། ཞིབ་འཇུག་ཁང་གིས་གྲངས་གཞི་འབོར་ཆེན་ཞིག་སྤྱད་ནས་དཔལ་འབྱོར་གྱི་སྟོན་གྲངས་གསར་པ་རྩོམ་བཟོ་བྱས་ནས་བཏོན་པའི་སྐོར་གསན་སྐབས། ལི་ཁེ་ཆང་གིས་ཁྱེད་ཚོས་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་བསྒྲུབས་འདུག

༄༅།།ལི་ཁེ་ཆང་གིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་འགྲོ་
རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་མཁན་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་
མཁན་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ།