མི་དམངས་དྲ་བ།

༄༅།།《2016ལོར་རྒྱལ་ཡོངས་ཀྱིས་ཤེས་བྱའི་བདག་དབང་ལ་བཙན་གནོད་དང་ཚོང་
ཟོག་རྫུན་ལྷད་ཞན་གསུམ་བཟོ་བ་དང་འཚོང་བར་རྡུང་རྡེག་གཏོང་བའི་
ལས་ཀའི་གཙོ་གནད་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《2016ལོར་རྒྱལ་ཡོངས་ཀྱིས་ཤེས་བྱའི་བདག་དབང་ལ་བཙན་གནོད་དང་ཚོང་ཟོག་རྫུན་ལྷད་ཞན་གསུམ་བཟོ་བ་དང་འཚོང་བར་རྡུང་རྡེག་གཏོང་བའི་ལས་ཀའི་གཙོ་གནད་》(གཤམ་དུ་《གཙོ་གནད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་གསར་གཏོད་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ་དང་། གཞུང་དྲང་འགྲན་རྩོད་ལ་འགོག་རྐྱེན་བཟོ་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་དབང་གནོད་དང་རྫུས་མའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         《གཙོ་གནད་》ནང་ཕྱོགས་ཁག་7དང་གཙོ་གནད་ལས་དོན་ཁག་27གསལ་བཟོ་བྱས་ཡོད་པ་སྟེ། གཅིག་ནི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ནི་ལས་རིགས་ཀྱི་རྒྱུན་གཏན་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ། གསུམ་ནི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བཞི་ནི་སྡེ་ཚན་དབར་གྱི་མཐུན་སྦྱོར་དང་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྔ་ནི་རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་དང་རྡུང་རྡེག་དང་འཛུགས་སྐྱོང་ཟུང་འབྲེལ་བྱ་རྒྱུར་སྐུལ་མ་གཏོང་བ། དྲུག་ནི་སྣ་མང་ཅན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། བདུན་ནི་ཕྱོགས་གཉིས་མཉམ་ལས་དང་སྤེལ་རེས་ཡག་པོ་མང་ཙམ་བྱེད་པ་བཅས་རེད།