འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

    ༄༅།།རྒྱལ་ཡོངས་ཀྱི་ཞལ་འདེབས་སུ་ཕུལ་བའི་མི་ལུས་དབང་པོ་བརྒྱུད་འདྲེན་བྱེད་ཐེངས་
    ཐོག་མ་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་《ཞལ་འདེབས་སུ་ཕུལ་བའི་མི་ལུས་དབང་པོ་བརྒྱུད་འདྲེན་བྱེད་པའི་ཐོགས་མེད་བགྲོད་ལམ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། དེ་ཉིན་ཕྱི་དྲོ་པེ་ཅིང་ཡིའུ་ཨན་སྨན་ཁང་གི་སྨན་པས་ཞལ་འདེབས་སུ་ཕུལ་བའི་མི་ལུས་དབང་པོ་འཁྱེར་ཏེ་སྟོན་དཔྱིད་མཁའ་འགྲུལ་གྱི་གནམ་གྲུའི་ཐེངས་གྲངས་9C8899བསྡད་པ་དང་སྟོན་དཔྱིད་མཁའ་འགྲུལ་གྱིས་ས་གནས་གཉིས་པོའི་གནམ་ཐང་དང་བར་སྣང་འཕུར་སྐྱོད་དོ་དམ་སྡེ་ཚན་དང་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ནས་ཞལ་འདེབས་སུ་ཕུལ་བའི་མི་ལུས་དབང་པོ་བརྒྱུད་འདྲེན་བྱེད་རིང་ཐོགས་མེད་ཡོང་བའི་འགན་ལེན་བྱས་ཤིང་། དེ་ནི“བརྡ་ཐོ”པར་འགྲེམས་བྱས་རྗེས་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་སྐྱེལ་འདྲེན་ལས་འགན་ཁུར་བའི་རྒྱལ་ཡོངས་ཀྱི་ཐོགས་མེད་བགྲོད་ལམ་བརྒྱུད་ཞལ་འདེབས་སུ་ཕུལ་བའི་མི་ལུས་དབང་པོ་བརྒྱུད་འདྲེན་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།