མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་2016ལོར་ས་ཁུལ་དབུལ་པོ་ནས་ཁ་ཕྱོགས་གཏན་འཁེལ་གྱི་སློབ་མ་
ཁྲི་6བསྡུ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར་པར་འགྲེམས་བྱས་པའི་《2016ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་འཆར་གཞི་རྩོམ་བཟོ་དང་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་》ནང་མཐོ་རིམ་སློབ་གསོའི་ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཞུགས་གོ་སྐབས་གཞུང་དྲང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་སྟོན་པ་དང་། རྒྱལ་ཁབ་ཀྱིས་ས་ཁུལ་དབུལ་པོ་ནས་གནས་གཏན་འཁེལ་གྱི་སློབ་བསྡུའི་ཆེད་དོན་འཆར་གཞི་གཞིར་བཟུང་། སློབ་མ་ཁྲི་6བསྡུ་རྒྱུ་དང་འབྲེལ་ཀྲུང་དབྱང་སྡེ་ཚན་དང་ས་གནས་ཀྱི“211འདུ་འགོད”ཀྱི་སློབ་གྲྭས་གཙོ་བོ་བྱས་པའི་དངོས་གཞིའི་ཚན་ཁག་ཁག་དང་པོའི་སློབ་བསྡུ་བྱེད་མཁན་གྱི་མཐོ་སློབ་ཀྱིས་བསྡུ་རྒྱུའི་འགན་འཁུར་རྒྱུ་རེད་ཅེས་བསྟན་ཡོད།
         བརྡ་ཐོའི་ནང་2016ལོར་རྒྱལ་ཡོངས་ས་གནས་ཁག་གི་དངོས་གཞིའི་ཚན་ཁག་གིས་སློབ་མ་3253900བསྡུ་རྒྱུ་དང་། སྡེ་ཚན་ཁག་གི་མཐོ་རིམ་དཀྱུས་མའི་སློབ་གསོའི་དངོས་གཞིའི་ཚན་ཁག་གིས་སློབ་མ་460546བསྡུ་རྒྱུ་རེད། དབུས་ནུབ་ས་ཁུལ་ལ་རོགས་སྐྱོར་བྱེད་མཁན་སློབ་བསྡུའི་མཉམ་ལས་འཆར་གཞིའི་ནང་སློབ་མ་ཁྲི་21བསྡུ་རྒྱུ་དང་དེའི་ནང་ནས་དངོས་གཞིའི་ཚན་ཁག་གི་སློབ་མ་ཁྲི་14པེ་ཅིང་དང་། ཐེན་ཅིང་། ཅང་སུའུ་སོགས་ཞིང་ཆེན(གྲོང་ཁྱེར)14ཡི་གཞུང་བཙུགས་མཐོ་སློབ་དཀྱུས་མས་བསྡུ་རྒྱུ་མ་ཟད། ཧོ་ནན་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་སོགས་དབུས་ནུབ་ཞིང་ཆེན(ས་ཁུལ)10ལ་ཕྱོགས་ནས་བསྡུ་རྒྱུ་ཡིན་པ་རེད་ཅེས་བསྟན་ཡོད།
         བརྡ་ཐོའི་ནང་ས་གནས་ཀྱི་གཙོ་གནད་མཐོ་སློབ་ཀྱིས་བསྡུ་རྒྱུའི་གྲོང་གསེབ་ཀྱི་སློབ་མའི་ཆེད་དོན་འཆར་གཞི་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་དངོས་གཞིའི་ཚན་ཁག་ཁག་དང་པོའི་སློབ་བསྡུ་བྱེད་མཁན་ས་གནས་དེ་གའི་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱིས་བསྡུ་རྒྱུ་དང་། སློབ་བསྡུའི་འཆར་གཞི་དེ་རྩ་དོན་ཐོག་འབྲེལ་ཡོད་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་ཁག་དང་པོའི་སློབ་བསྡུའི་གཞི་ཁྱོན་གྱི་3%ལས་མི་ཉུང་བ་བྱེད་དགོས་པ་དང་། གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་ཀྱི་སློབ་མ་ལོགས་སུ་བསྡུ་བའི་འཆར་གཞི་དེ་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་དང་དེ་མིན་གྱི་སློབ་བསྡུའི་ཚོད་ལྟའི་མཐོ་སློབ་ཀྱིས་བསྡུ་དགོས་པ་དང་། སློབ་བསྡུའི་འཆར་གཞི་དེ་འབྲེལ་ཡོད་མཐོ་སློབ་ཀྱི་ལོ་འཁོར་གྱི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་གཞི་ཁྱོན་གྱི་2%ལས་མི་ཉུང་བ་བྱེད་དགོས་པ། 2016ལོའི་སློབ་རིམ་འཕར་བའི་གནོན་ཤུགས་ཆུང་ཙམ་གྱི་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཕུའུ་ཅན་སོགས་ཞིང་ཆེན(གྲོང་ཁྱེར)གྱིས་ལོ་སྟོད་དུ་རྒྱུན་གཏན་གྱི་ཞིང་ཆེན་ལས་བརྒལ་བའི་སློབ་ཁུངས་འཆར་གཞི་དང་2016ལོའི་མཉམ་ལས་འཆར་གཞིའི་རྨང་གཞིའི་ཐོག་དབུས་ནུབ་ཞིང་ཆེན(རང་སྐྱོང་ལྗོངས)ཁག་གཅིག་ལ་ཕྱོགས་པའི་སློབ་ཁུངས་འཆར་གཞི་སྔར་བས་རྒྱ་ཆེར་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
         བརྡ་ཐོའི་ནང་ས་ཁུལ་ཁག་གིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་དར་མའི་མཐོ་སློབ་དང་ཡན་ལག་སློབ་གཉེར་ས་ཚིགས་ཀྱིས་གཉེར་བའི་མཐོ་རིམ་སློབ་གསོ་དཀྱུས་མའི་སློབ་གྲྭའི་གྲངས་འབོར་དང་གཞི་ཁྱོན་མུ་མཐུད་ཆུང་དུ་བཏང་སྟེ་དར་མའི་མཐོ་སློབ་དང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ཁག་ཏུ་མཐོ་རིམ་དཀྱུས་མའི་སློབ་རྒྱུས་སློབ་གསོ་གཉེར་མི་ཆོག་པ་དང་། སློབ་བསྡུ་སློབ་གཉེར་བྱ་སྤྱོད་ཚད་ལྡན་མེད་པ་དང་སློབ་གཉེར་གྱི་ཆ་རྐྱེན་གཏན་འབེབས་ཀྱི་བླང་བྱ་དང་མ་འཚམ་པའི་སློབ་གྲྭར་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་སློབ་བསྡུའི་གཞི་ཁྱོན་ཆུང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབྲེལ་ཞིང་ཆེན་ལས་བརྒལ་ནས་སློབ་མ་བསྡུ་རྒྱུ་ཚོད་འཛིན་བྱེད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་སློབ་བསྡུ་བྱེད་མཚམས་འཇོག་དགོས་པ། མཐོ་སློབ་དཀྱུས་མར་གྲ་སྒྲིག་འཛིན་གྲྭ་འཛུགས་རྒྱུའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་གསོ་པུའི་ཆོག་མཆན་མ་ཐོབ་པར་མཐོ་སློབ་ཀྱིས་རྣམ་པ་གང་རུང་གི་ཐོག་ནས་གྲ་སྒྲིག་འཛིན་གྲྭ་གཉེར་མི་ཆོག་པ་བཅས་ཀྱི་ནན་བཤད་བྱས་ཡོད།